logo
查看本期全部内容

དཔའ་དར་གྱིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་ངོ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ།

林芝报-藏文版&nbsp&nbsp2026-11-24

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་20ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་ངོ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཡང་ཞུས་ཤིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གི་འབྲེལ་ཡོད་མཛུབ་སྟོན་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་བཅས་བྱས་ནས་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པ་དང་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་བྱེད་པའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས་པའི་ནན་གསུངས་གནང་ཡོད།

གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་ཀྱི་ཡིག་བསྐུར་ངོ་བཅར་སྣེ་ལེན་ལྟེ་གནས་སུ་དཔའ་དར་གྱིས་ཡིག་བསྐུར་ངོ་བཅར་གྱི་དོན་ཚན་ཐོ་འགོད་སྒྲུབ་གཉེར་དང་ངོ་བཅར་མང་ཚོགས་ལ་སྣེ་ལེན་ཞབས་ཞུ་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད་ངོ་བཅར་དུ་ཡོང་མཁན་མང་ཚོགས་ཀྱི་རེ་ཞུ་ངང་རྒྱུད་རིང་པོས་གསན་པ་དང་དོན་རྐྱེན་ལ་འདྲི་རྩད་ཞིབ་ཕྲ་བྱས་ཏེ་ས་གནས་ས་ཐོག་ཏུ་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་པ་རེད།

ཁོང་གིས་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཡིག་བསྐུར་ངོ་བཅར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། འགོ་ཁྲིད་ལས་བྱེད་པ་གཤམ་སྐྱོད་ངོ་བཅར་སྣེ་ལེན་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁོངས་གཏོགས་དོ་དམ། རིམ་དབྱེའི་འགན་འཁྲི། སུས་གཙོ་འགན་འཁུར་བ། སུས་འགན་འཁྲི་འཁུར་བ”བཅས་ཀྱི་རྩ་དོན་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱས་ནས་ལས་ཀའི་འགན་འཁྲི་ནན་དུ་གཏོང་དགོས་པ་དང་། རྗེས་འདེད་སྐུལ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། གཅིག་ཤེས་ཀུན་གྲོལ་གྱིས་རིགས་མཐུན་གནད་དོན་མ་ལག་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ཡིག་སྐུར་ངོ་བཅར་ལས་དོན་གྱི་མཉམ་ཞུགས་གྲོས་ཚོགས་དང་ཆེད་དོན་ལས་སྒྲུབ་སྟོབས་ཤུགས་བེད་སྤྱོད་གང་ལེགས་བྱེད་པ། ཡིག་སྐུར་ངོ་བཅར་གྱི“ཆེད་དམིགས་དོན་ཚན་གཉིས”ཀྱི་ལས་འགན་ལ་དམ་པོར་དམིགས་པ། དུས་བཀག་ལྟར་ཞིབ་འཇུག་དང་། ཆེད་དོན་ཞིབ་འཇུག་བརྡར་གཅོད། འགོ་ཁྲིད་ཀྱིས་དམ་འཛིན་བྱེད་འགན་གཙང་ལེན། འབྱུང་རྩ་ནས་བཅོས་སྐྱོང་སོགས་ཀྱི་ལས་ཀའི་ལམ་སྲོལ་རྒྱུན་འཁྱོངས་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། གཙོ་གནད་འགག་སྒྲོལ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བཅས་བྱས་ཏེ་འཕར་ཚད་ཚོད་འཛིན་དང་གསོག་ཚད་ཉུང་འཕྲི་གཏོང་བར་ཤུགས་རྒྱག་དགོས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ལ་དམ་པོར་དམིགས་ནས་ཞུ་གཏུག་ལ་བརྟེན་ནས་འདུམ་འགྲིག་དང་། ཉེན་རྟོག་པས་འདུམ་འགྲིག ངོ་བཅར་འདུམ་འགྲིག་བཅས“འདུམ་འགྲིག་བྱེད་སྟངས་གསུམ་དམ་འཛིན་བྱ་གཞིར་བྱས་ཏེ་ལས་ཀའི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང“ངོ་བཅར་བྱེད་མཁན་སོ་སོ་ཡིན་པའི”འདུ་ཤེས་བཙུགས་ཏེ་གནས་ལུགས་གསལ་པོ་དྲངས་པ་དང་ཁྲིམས་ལུགས་གསལ་པོར་རྟོགས་སུ་བཅུག་ནས་ངོ་བཅར་དང་ལེན་བྱེད་པ་དང་ཁྲིམས་ལྟར་ཐག་གཅོད་ཧུར་ཐག་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས། ལོ་མཇུག་དང་ལོ་འགོའི་འགག་རྩའི་མཚམས་ཚིགས་ལ་དམིགས་པ་དང་ལས་གྲྭའི་མ་དངུལ་དང་ཞིང་པ་ལས་མིའི་གླ་ཆ“འགྱངས་ཆད་གཉིས”སོགས་དམངས་འཚོའི་རེ་ཞུར་དམིགས་ནས་མཐིལ་རྟོགས་གྲལ་བཤེར་དང་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་གླ་ཆ་འགྱངས་ཆད་ཀྱི་འགལ་ཟླ་འཐབ་ས་དང་པོར་སེལ་ནས་ཚོད་འཛིན་བརྟན་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། 《ཡིག་བསྐུར་ངོ་བཅར་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དམིགས་སར་འབྱོར་བ་གསུམ་དང་ཐག་གཅོད་གཅིག་གི་ལས་ཀའི་བླང་བྱ་མཐའ་འཁྱོངས་བྱེད་པ། “གྱོད་གཞི་ཐག་བཅད་རྗེས་དོ་བདག་ཕན་ཚུན་འཆམ་མཐུན་ཡོང་བ”བྱ་རྒྱུར་དམིགས་ནས་ཡིག་སྐུར་ངོ་བཅར་གྱོད་དོན་སྒྲུབ་ཚུལ་ཐད་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཨུད་དང་ཡིག་བསྐུར་ངོ་བཅར་མཉམ་འགུལ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ལ་དོགས་གནད་ཡོད་པའི་དོན་དག་སེལ་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་གོ་རིམ་ཚད་ལྡན་དུ་གཏོང་བ་དང་ལམ་ལུགས་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་ཡོད།

ཏོན་ཀང་ཧུའེ་དང་ཚེ་རིང་དོན་གྲུབ་བྱེད་སྒོར་ཞུགས་ཡོད་པ་རེད།

བདེ་སྐྱིད་ཀྱིས་བསྒྱུར།

查看本期全部内容