logo
查看本期全部内容

གཏན་འབེབས་གསར་པ་ཡོངས་བསྒྲགས་བྱས་ནས་ལས་གྲྭའི་ལག་རྩལ་པའི་རྒྱུན་མཐུད་སློབ་གསོ་ཚད་ལྡན་དུ་གཏོང་བ་དང་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

林芝报-藏文版&nbsp&nbsp2026-11-24

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཚན་7གྱིས་མཉམ་འབྲེལ་ཐོག《ལས་གྲྭའི་ལག་རྩལ་པའི་རྒྱུན་མཐུད་སློབ་གསོའི་གཏན་འབེབས》བཀྲམ་ནས། ལས་གྲྭའི་ལག་རྩལ་པའི་རྒྱུན་མཐུད་སློབ་གསོའི་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ་དང་། དེར་ཤུགས་སྣོན་བརྒྱབ་སྟེ་ལས་གྲྭའི་ལག་རྩལ་པ་རྒྱུན་མཐུད་སློབ་གསོའི་ནང་ཞུགས་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་རྒྱུ་རེད།

རྒྱུན་མཐུད་སློབ་གསོ་ནི་ལག་རྩལ་ཆེ་མོ་བའི་དཔུང་ཁག་གསར་སྤེལ་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་དང་། ལག་རྩལ་ཆེ་མོ་བ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་རེད། གཏན་འབེབས་ནང་རྒྱུན་མཐུད་སློབ་གསོའི་ནང་དོན་ཁྲོད་སྤྱི་མཁོའི་སློབ་ཚན་དང་ཆེད་ལས་སློབ་ཚན་ཚུད་ཡོད་པ་དང་། ལས་གྲྭའི་བཀོལ་སྤྱོད་ལག་ལེན་ཁྲོད་གསོ་སྐྱོང་བྱ་རྒྱུར་སྣང་ཆེན་བྱས་ཏེ། ལག་རྩལ་ཆེ་མོ་བས་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་པའི་ཆེད་ལས་ནུས་པ་དང་། གསར་གཏོད་ནུས་པ། ལག་ལེན་ནུས་པ། ལས་རིགས་ཀྱི་བྱང་ཚད་བཅས་མཐོ་རུ་གཏོང་རྒྱུ། མི་སྤྱོད་ཚན་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས“མི་ཐབས་རིག་ནུས་+”ཀྱི་རྒྱུན་མཐུད་སློབ་གསོའི་རྣམ་པ་གསར་པ་འཚོལ་ཞིབ་དང་བེད་སྤྱོད་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། ལས་གྲྭའི་ལག་རྩལ་པའི་ཚེ་གང་རང་བརྟེན་སློབ་སྦྱོང་མ་ལག་འཛུགས་དགོས་ལུགས་ཁ་གསལ་བཏོན་ཡོད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ཆེད་ལས་ལག་རྩལ་པའི་དོ་དམ་སིའི་འབྲེལ་ཡོད་འགན་འཁུར་བས། གཏན་འབེབས་ཡོངས་བསྒྲགས་དང་ལག་བསྟར་བྱས་པ་དེས་མི་སྤྱོད་ཚན་པ་དང་རྒྱུན་མཐུད་སློབ་གསོའི་སྒྲིག་གཞིས་རྒྱུན་མཐུད་སློབ་གསོའི་རྣམ་པ་གསར་གཏོད་བྱེད་པ་དང་། རྒྱུན་མཐུད་སློབ་གསོའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ། རྒྱུན་མཐུད་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ། ལས་གྲྭའི་ལག་རྩལ་པའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཤེས་ལྡན་པའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

གཏན་འབེབས་དེ་2027ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

查看本期全部内容