logo
查看本期全部内容

༄༅།།སྐྱེས་མ་དེ།

ལ་དོན།

林芝报-藏文版&nbsp&nbsp2026-11-24

སྣང་བ་ཞིག་ལ།

འཇིག་རྟེན་གྱི་བརྩེ་བ་ནི་མེ་ཏོག་ཅིག་གི་སྐྱེ་འཆི་ཡིན་འདྲ།

འཚོ་བའི་པང་ནས་འབུས་པའི་ཆོས་ཉིད་ལ་བདེན་དཔང་གཞན་གྱིས་མི་འོང་འདྲ།

མང་བོའི་མིག་ལ་མ་ཐོགས་ཀྱང་སུ་ཡི་སེམས་པར་བརྣག་ལ་འགྲེལ་བཤད་བརྒྱབ་པས་ཅི་ཞིག་ཕན།

གང་ལྟར། ཐུག་འཕྲད་ཅིག་གིས་ཡང་བསྐྱར་འཕྲད་དགོས་བསྐུལ།

ཡང་བསྐྱར་འཕྲད་པས་ཡང་ཡང་འཕྲད་དགོས་བྱུང་།

ཡང་ཡང་འཕྲད་པས་ཡང་ཡང་འཕྲད་འདོད་སྐྱེས་པར་བྱས།

དེ་ནི་བསྐྱར་བཟློས་ཀྱི་རྨི་ལམ་ཞིག་དང་འདྲ།

ཡུན་རིང་གི་ཐུག་འཕྲད་ལས་ཡུན་ཐུང་གི་བྲེད་ཤ་འབར།

བྲེད་ཤའི་ཀློང་ནས་བྲེད་ཤ་གཞན་གཞན་ཞིག་འབར་ཏེ།

བདག་གི་དོན་ལྔ་སྣོད་དྲུག་དྲོས་པར་བྱས།

སྐྱེས་མ་དེ་མེ་ལྕེ་ཞིག་ཡིན་འདྲ།

ཡང་ན་ཉི་འོད་ཅིག་ཡིན་འདྲ།

ཡུན་གྱིས་གཞིགས་ཚེ་རེ་ཧེབ་ཡར་ཡར་མཆེད་ཅིང་།

ཆོག་ཤེས་མར་མར་འགྲིབ་པས་ངས་རང་ཉིད་ལ་སྒོ་ལྕགས་བརྒྱབ།

སྒོ་ལྕགས་བརྒྱབ་ན་ཡང་།

སྒོ་སྲུབས་ཀྱི་རླུང་བུ་སྔར་བཞིན་གཡོས་པས།

སེམས་གཅོང་དང་འདྲ་བའི་གྲང་ངར་ཞིག་དེ་དང་འགྲོགས་ནས་བྱུང་།

སྐྱོ་རོགས་ཡིན་ནམ་སྡུག་རོགས་ཡིན།

སྐྱེས་མ་དེ། སྐྱེས་མ་དེ་འགྲེལ་བ་མི་དགོས་པའི་འབྲེལ་བ་གཞན་ཞིག་རེད།

查看本期全部内容