logo
查看本期全部内容

༄༅།།ལམ་བུ།

ཚུལ་ཁྲིམས་རྒྱལ་མཚན།

林芝报-藏文版&nbsp&nbsp2026-11-24

དབྱར་གྱི་དྲག་ཆར་དང་དགུན་གྱི་རླུང་འཚུབ། ལུས་ཀྱི་ངལ་བ་དང་སེམས་ཀྱི་སྡུག་བསྔལ། ཁུ་སིམ་དང་འདུ་འཛི་ཡི་དཀྱིལ་འཁོར་ན། ང་དང་ཁྱེད། ཁོ་དང་མོ། ང་ཚོས་འདི་ལྟར་དཀའ་ཚེགས་རེ་རེ་ཁྱད་དུ་གསོད་ཀྱིན་རེ་བ་རེ་རེ་པང་དུ་བསུ་གིན་ཡོད། ཁ་སང་ལ་ཕྱིར་འདང་ཞིག་འཕངས་ན། སང་ཉིན་ལ་རེ་བ་ཞིག་བསྐྱངས་ན། ང་ཚོ་ནི་བདེ་སྐྱིད་ལྡན་པ་ཤ་སྟག་ཡིན། མ་མཐར་ཡང་འདས་ཟིན་པའི་རྒྱལ་ཕམ་གྱི་ཉམས་མྱོང་ཡོད་ལ། མ་འོངས་ཞེས་པའི་རླབས་ཆེན་གྱི་དུས་ཚོད་ཡོད། འདི་ནི་ཚེ་སྲོག་གི་ཁ་དོག་ཡིན་ལ། ལམ་བུ་ཡི་མཚན་ཉིད་ཡིན།

སེམས་དང་བསམ་པ་མཐུན་པའི་དགའ་རོཊ། ལས་དང་ལམ་བུ་མཐུན་པའི་སྐྱོ་རོགས། འཇིག་རྟེན་དང་རྟག་བརྟན་གྱི་ཕ་ཡུལ་ནས། ང་དང་ཁྱེད། ཁོ་དང་མོ། དུས་ཚོད་ཀྱི་ཨ་ལོང་ལ་འཁྱུད་པའི་རྣམ་ཤེས་གྲང་མོ་ཞིག་གང་ནས་ཡིན། ནམ་ཟླ་དགུན་ཁ་ཟིན་ཡང་ཁྲག་རྩ་ཚ་མོ་ཡིན་དགོས། ཆུ་ལ་འཁྱཊ་ཀྱིས་བསྡམས་ཀྱང་འཁྱཊ་ལ་ལམ་བུ་གཏོད་དགོས། ལམ་བུའི་སྟེང་ན་ཕ་སའི་ཡིད་ཆེས་ཡོད་དགོས་ལ་ཕ་མའི་རེ་བའང་ཡོད་དགོས། ཕ་སའི་ཡིད་ཆེས་བསྣམས་པའི་དཔེ་ཀློག་ལྟ་སྦྱོང་ཡོད་དགོས་ལ། ཕ་མའི་ཡིད་ཆེས་བསྣམས་པའི་ལུས་སེམས་བདེ་ཐང་ཡང་ཡོད་དགོས། འདི་ནི་ཕ་སའི་འོད་མདངས་ཡིན་ལ་ཕ་མའི་འཛུམ་མདངས་ཀྱང་ཡིན།

ང་ཚོ་ནི་དུས་རབས་ཤིག་གི་བུ་ཡིན་ལ་དུས་རབས་ཤིག་གི་ཕ་ཡིན། ང་ཚོས་དུས་རབས་ཀྱི་ལམ་བུའི་སྟེང་ན་བུ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་བདེ་ཐང་གི་འཚར་ལོངས་ཡོད་དགོས། ཉིན་དང་མཚན་གྱི་རྣམ་གཞག་ཡོད་པའི་འཚར་ལོངས་ཡོད་དགོས། ལེགས་དང་ཉེས་ཀྱི་སྤང་བླང་ཡོད་པའི་འཚར་ལོངས་ཡོད་དགོས། ཕ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་འགན་འཁྲི་འཁུར་དགོས། བཙན་པོ་ཁྲིམས་དང་མི་འགལ་བའི་མི་གཤིས་ཡོད་དགོས། ཞི་བ་ཆོས་དང་མི་འགལ་བའི་མི་གཞི་ཡོད་དགོས། འདི་ནི། ཕ་ཡི་ལས་ཡིན་ལ་བུ་ཡི་ལམ་ཡིན།

查看本期全部内容