logo
查看本期全部内容

༄༅།།དགུན་གྱི་སེམས་བྱུང་།

གནམ་ལྷ་ཚེ་རིང་།

林芝报-藏文版&nbsp&nbsp2026-11-24

གྲོང་ཁྱེར་འདིར།

ཁ་བའི་མེ་ཏོག་ལ་རེ་བ་ནི།

རང་སེམས་ལ་དབུགས་དབྱུང་ཐོབ་སྟངས་ཤིག་ཅི་ལ་མིན།

ཐ་སྙད་དང་ཡིག་ཚོགས་ཀྱིས་བསྣད་པའི་ཉིན་འདི་ཚོར།

ངས་ནི་སྙན་ངག་གི་ཁ་དོག་བོར་ཅིང་།

རྨི་ལམ་གྱི་བཞིན་རས་ཀྱང་བརྗེད་ལ་ཉེ།

གང་ལའང་བློ་གཏོད་ཐབས་མེད་པའི་དུས་ཚིགས་འདིར།

རང་གི་ནང་སེམས་གྲུ་བཞི་ཙམ་ལའང་།

བློ་དཀར་གྱི་མེ་སྒོང་རྒྱག་རྒྱུ་ཁག་ཙམ་གདའ།

བསེར་བུ་རླུང་ལ་བཅོལ་བའི་རེ་བ་དག་ཀྱང་།

ཉིན་སྲིབ་དང་དཀར་ནག་གཉིས་ཀྱི་ཁུགས་སོ་ན།

གྲང་འདར་ངང་ནས་འཆི་ལ་ཉེ་ཨང་།

ནམ་ཞིག

དྭངས་གཙང་གི་སྤྲིན་ཚོམ་དག་ཡིད་ཀྱི་བར་སྣང་ནས་ལུད་དུས།

ང་ཡིས་རྟོག་བཏགས་ཀྱི་མེ་ཏོག་བསྣམས་ནས།

གནས་མལ་དྲོན་མོ་དེའི་ཕང་བ་རུ་བྱམས་འདུག་ཐེངས་གཅིག་བྱས་ན་འདོད་ཨང་།

查看本期全部内容