༄༅།། ཟླ་འོད་འོག་གི་གྲིབ་མ།

དགུ་བ།

林芝报-藏文版  2026-11-24

ཞོགས་པའི་ཉི་ཟེར་རི་བོའི་རྩེ་ནས་འཕྲོས། །

མེ་ཏོག་དམར་སེར་མིག་ཟུང་གམ་དུ་བཞད།།

ཁ་ཆར་བུ་ཡུག་འཚུབ་སའི་ཉག་ཁ་ནས།།

ང་རང་འདི་ལྟར་ཕངས་སེམས་སྐྱེ་དོན་ཅི།།

བསིལ་འཇམ་རླུང་བའི་སྐྲ་ལོ་ཤུར་ཤུར་གཡོ།།

འཇག་མའི་ཤུགས་གླུ་རིང་མོ་རྣ་བར་སྙན།།

རྫི་བོའི་ཀི་སྒྲ་སྒྲོག་སའི་སྤང་ཐང་ནས།།

ང་རང་འདི་ལྟར་རེ་ཐག་ཆད་དོན་ཅི།།

རྟ་བདུན་དབང་བོ་རི་བོའི་རྒྱབ་ཏུ་ནུབ།།

ཤོག་དཀར་ངོས་ནས་སུ་ལ་བརྩེ་འཕྲིན་བྲིས།།

སྨུག་པ་ལང་ལོང་རྒྱུ་བའི་འབྲོག་སྡེ་ནས།།

ང་རང་འདི་ལྟར་སྐྱོ་བའི་མནར་དོན་ཅི།།

དཀར་གསལ་ཟླ་བ་ནམ་མཁའི་དཀྱིལ་ནས་ཤར།།

སྐར་ཚོགས་གྲངས་མེད་ནམ་མཁའི་མཐའ་རུ་འཛུམ།།

མ་འོངས་ཕུགས་འདུན་འཚོལ་སའི་རྨ་འགྲམ་ནས།།

ང་རང་འདི་ལྟར་ཨ་ཐང་ཆད་དོན་ཅི།།