༄༅།།སྨྲ་བ་ཁེགས་པའི་ཉེས་ལྟུང་།

གཙང་དྲག་ཆར།

林芝报-藏文版  2026-11-24

སྙིང་རྗེ་མུན་པས་ཟ་བ་དེ་ཡང་།

སྐད་ཆར་མུ་གེ་ཚེས་པ་བཞིན།

གཟེར་ནག་བཏབ་པའི་ཆབ་ཤོག་དེ་རུ།

བྱ་རྒོད་ཀྱི་རང་དབང་བྲི།

དེའི་རྒྱབ་ཀྱི།

ནམ་མཁའ་དང་སྒྲོ་ཐུལ།

ཕར་ངོ་ཚུར་ངོ་མ་ཤེས།

དགུན་ཟླ། རུམ་ཁ་ནས་ཤོར།

སྨྲ་བ་ཁེགས་པའི་གཙང་པོ་ཡང་།

ཕྱི་མིག་དང་ལྷན་དུ་སྐོམ་གྲིར་ཤི།

འོན་ཀྱང་། ངག་རྒྱུན་ཁོ་ན།

ལྷ་རབས་ཀྱི་གཟི་བྱིན་དང་འདྲེས་ན།

མ་འོངས་པའི་ཆོལ་ཁར་ང་རང་མེད་ཀྱང་ཆོག