logo
查看本期全部内容

༄༅།།དགུན་ཟླའི་ཚོར་འདུ།

རྐང་ལམ་དཀར་པོ།

林芝报-藏文版&nbsp&nbsp2026-11-24

ཡངས་པའི་རི་གྲོང་ཁ་བ་ལྷབ་ལྷུབ་ལྷུང་།།

གྲང་རེག་སྤུ་གྲིས་ལུས་ཀྱི་ཕྱི་ནང་གཙེ།།

ནམ་ཟླ་དགུན་ཟླའི་འཇིག་རྟེན་ཐོན་ཉིན་མོ།།

ང་དང་བྱིའུ་ཆུང་སྐྱོ་བའི་གླུ་ཞིག་འཆོར།།

ཁྲུང་ཁྲུང་གཤོག་རྡང་བསྒྲིགས་ཏེ་ལྷོ་རུ་འཕུར།།

ཁུ་བྱུག་ལྷ་ཤུག་སྐྱུར་ནས་མོན་ཡུལ་འགྲིམས།།

ནམ་ཟླ་དགུན་ཟླའི་འཇིག་རྟེན་ཐོན་ཉིན་མོ།།

ང་དང་བྱིའུ་ཆུང་སྐྱོ་བའི་གླུ་ཞིག་འཆོར།།

སྣ་ཚོགས་ཤིང་རྟའི་དྲོད་ཁུལ་རྒྱང་རིང་ཡིབས།།

སྡོང་ལོ་སེར་པོ་བས་མཐའི་རླུང་དང་འགྲོགས།།

ནམ་ཟླ་དགུན་ཟླའི་འཇིག་རྟེན་ཐོན་ཉིན་མོ།།

ང་དང་བྱིའུ་ཆུང་སྐྱོ་བའི་གླུ་ཞིག་འཆོར།།

དཀར་དམར་མེ་ཏོག་ལང་ཚོ་སད་ཀྱིས་ཁྱེར།།

ར་ཡིག་གཉིས་པ་སྨྲ་བ་འགགས་ཏེ་ཉལ།།

ནམ་ཟླ་དགུན་ཟླའི་འཇིག་རྟེན་ཐོན་ཉིན་མོ།།

ང་དང་བྱིའུ་ཆུང་སྐྱོ་བའི་གླུ་ཞིག་འཆོར།།

གསེར་མིག་ཉ་མོ་གནས་ཉལ་འཁྱག་གིས་བཅོམ།།

ཕྱི་བ་ལོ་ཕྱེད་ཁུ་སིམ་གཉིད་ལ་ཡིབས།།

ནམ་ཟླ་དགུན་ཟླའི་འཇིག་རྟེན་ཐོན་ཉིན་མོ།།

ང་དང་བྱིའུ་ཆུང་སྐྱོ་བའི་གླུ་ཞིག་འཆོར།།

རི་ལུང་འཇག་སྐྱའི་སྨྲེ་གླུ་བར་མེད་ལེན།།

བྱང་ཐང་འབྲོང་རྒོད་སོ་སྒྲ་ཀྲིག་ཀྲིག་སྒྲོག།

ནམ་ཟླ་དགུན་ཟླའི་འཇིག་རྟེན་ཐོན་ཉིན་མོ།།

ང་དང་བྱིའུ་ཆུང་སྐྱོ་བའི་གླུ་ཞིག་འཆོར།།

རྩྭ་སྐྱའི་ཕུང་པོ་བསེར་བུས་རི་ལུང་བདས།།

རི་སྐྱེས་རི་དྭགས་གོམ་འཁྱོར་སྐྱོ་ཉམས་བདོ།།

ནམ་ཟླ་དགུན་ཟླའི་འཇིག་རྟེན་ཐོན་ཉིན་མོ།།

ང་དང་བྱིའུ་ཆུང་སྐྱོ་བའི་གླུ་ཞིག་འཆོར།།

ཚོར་བས་ཚོར་བ་འདེད་པའི་ནམ་ཟླ་འདིར།།

འཆར་ཡན་རྩེན་པའི་ཚོར་འདུའི་ཞལ་རས་སྡུག།

གཤོག་ཟུང་འཁྱག་གིས་ཟིན་པའི་བྱིའུ་དང་།།

ང་གཉིས་དགུན་ཟླའི་འཇིག་རྟེན་ཞེ་ནས་སུན།།

ཕྱི་སྣོད་རི་ཆུ་འཁྱག་གིས་དམ་དུ་བཅིངས།།

ནང་བཅུད་སེམས་ཅན་གྲང་རེག་སྤུ་གྲིས་གཙེ།།

གང་ལ་བལྟས་ཀྱང་དགོད་སྒྲ་དབེན་པ་ཡི།།

དགུན་ཟླ་འདི་ནི་ཡང་སྙིང་ཅི་ཞིག་མཚོན།།

查看本期全部内容