logo
查看本期全部内容

༄༅།།ཀོང་ཡུལ་འཁྲེང་བའི་སེམས་པ།

རྡོ་རྗེ་ཐར་ལམ།

林芝报-藏文版&nbsp&nbsp2026-11-24

མགྲིན་རིང་ལྷོ་མཐའ་ཉུལ་བའི།།

དུས་ཚིགས་དགུན་ལ་སླེབས་པའི།།

ང་ཡང་ནགས་ཀླུང་ཤོད་ཀྱི།།

ཁྲུང་ཁྲུང་ཡིན་ན་བསམ་བྱུང་།།

གཙང་པོ་འགྲམ་དར་ཆགས་པའི།།

ངང་པ་བྲག་ལ་འཕུར་སོང་།།

ང་ཡང་བྲག་ལ་འཁོར་བའི།།

ངང་ཆུང་ཡིན་ན་བསམ་བྱུང་།།

དགུན་ཟླའི་ལྷགས་རླུང་ཁྲོད་ནས།།

སྐྱིད་པའི་ཚང་ལ་ཉལ་བའི།།

སྒོམ་ཆེན་ཕྱི་བ་སྨུག་ཆུང་།།

སྐབས་རེར་ཡིད་སྨོན་ཤོར་སོང་།།

དབྱར་དགུན་དྲོ་གྲང་གཅིག་པའི།།

སྐྱིད་པའི་ཀོང་ཡུལ་ཤར་ལ།།

བདག་གི་མི་ཚེ་འདི་ཡིས།།

ཕ་ཡུལ་ཡིན་ན་བསམ་བྱུང་།།

དབྱར་ལ་མེ་ཏོག་མཛེས་པའི།།

ཕ་ཡུལ་བྱང་ཐང་ནག་ཆུ།།

དགུན་ལ་ལྷགས་རླུང་བཙན་པའི།།

དབྱར་དགུན་ཧེ་བག་ཆེ་བ།།

སྐྱིད་པའི་ཀོང་ཡུལ་གཞུང་ལ།།

དབྱར་དགུན་ཆར་བ་འབབ་པའི།།

སྐྱིད་སྐྱིད་ལྷ་ཡུལ་ཟེར་བ།།

འདི་ལས་དགའ་ངེས་མི་འདུག།

མཐོན་པོ་ནོར་འཛིན་དབུ་རྩེ།།

རབ་བརྗིད་གངས་ཀྱི་རྒྱན་པ།།

གངས་ལ་སྨུག་སྤྲིན་འཐིབས་པ།།

ཨེ་མ་ངོ་མཚར་ཆེ་བ།།

རི་སྐེད་ནགས་ཀྱིས་མཛེས་པ།།

ནགས་ལ་བྱ་བྱིའུ་འཁོར་བ།།

རི་དྭགས་བག་ཕེབས་རྒྱུ་བ།།

ཉམ་དགའི་ཀོང་ཡུལ་ལུང་བ།།

མཐའ་བཞི་མཚོ་དང་མཚེའུ།།

ཉ་རིགས་སྟོང་གི་འཚོ་གནས།།

དྭངས་གསལ་ཡན་ལག་བརྒྱད་ལྡན།།

ཀུན་ལས་ཁྱད་དུ་འཕགས་པ།།

རི་ཆུའི་རང་བྱུང་བཟོ་བཀོད།།

ངོ་མཚར་སྟོང་གིས་ཕྱུག་པའི།།

སྐྱིད་པའི་ཀོང་ཡུལ་ཤར་ལ།།

ཡིད་ཀྱིས་སྨོན་པ་འཆོར་སོང་།།

མཛེས་སྡུག་དཔལ་གྱིས་གཏམ་པའི།།

ཕུན་ཚོགས་དགེ་མཚན་རྒྱས་ས།།

ཀོང་ཡུལ་སྐྱིད་པའི་ལུང་པ།།

ལྷ་ཡུལ་ལས་ཀྱང་ལྷག་པ།།

མི་རྣམས་གཤིས་རྒྱུད་བཟང་ལ།།

དགེ་དང་ལེགས་ལམ་འབད་པའི།།

གནས་མཆོག་ཀོང་ཡུལ་ཤར་ལ།།

འཁྲེང་སེམས་གཙང་པོ་བཞུར་ཡོད།།

查看本期全部内容