སྣང་རྫོང་གིས་ཚན་རྩལ་ཞབས་ཞུ་དང་རྣམ་གྲངས་རོགས་སྐྱོར་ལ་དམ་འཛིན་ཏན་ཏིག་བྱས་ནས་ནང་ངོས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ།

林芝报-藏文版  2026-11-24

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྣང་རྫོང་གིས་ཚན་རྩལ་ཞབས་ཞུ་དང་རྣམ་གྲངས་རོགས་སྐྱོར་ལ་དམ་འཛིན་ཏན་ཏིག་བྱས་ནས་ནང་ངོས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ཡོད། འདི་ལོའི་ཚུན་དུ་སྣང་རྫོང་གིས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཞོག་ཁོག་མངར་མོའི་དཔེ་སྟོན་རྟེན་གཞི་དང་སུར་པན་གྱི་དཔེ་སྟོན་རྟེན་གཞི་2བསྐྲུན་ཡོད་པར་ཞོག་ཁོག་མངར་མོ་མུའུ་12དང་སུར་པན་་མུའུ་40བཏབ་པ“བོད་ཀྱི་ནས་3000རྟགས་ཅན་དང་།“ལྷོ་ཁའི་དགུན་གྲོ་7རྟགས་ཅན”“ནས་ནག་པོ”སོགས་སོན་བཟང་མུའུ་6959ནང་འདྲེན་དང་ཁྱབ་གདལ་བཏང་བ།

“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པ་8འདེམས་སྒྲུག་བྱས་པ་དང་། ཚན་རྩལ་

ཆེད་མངགས་པ་32གསར་དུ་གདན་ཞུ་བྱས་པ། ཞིང་ལས་ལག་

རྩལ་པ་1དམིགས་བསལ་གདན་ཞུ་བྱས་པ། རིགས་ཁག་གི་ལག་

རྩལ་གསོ་སྦྱོང་བྱེད་སྒོ་ཐེངས་24སྤེལ་བ་བཅས་ལས་མང་ཚོགས་820ལ་

ཕན་པ་ཐོབ་ཡོད་པ་མ་ཟད། གནས་གཏན་འཁེལ་གྱི་རོགས་སྐྱོར་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཞིང་ལས་གྲོང་གསེབ་པུའི་དུས་ཁག་5ཡི་མི་10ལྷག་ཙམ་སྣང་རྫོང་དུ་ལག་རྩལ་མཛུབ་ཁྲིད་བྱེད་པར་གདན་དྲངས་ནས་རང་སྐྱོང་ལྗོངས་ཆུ་བེད་ཚན་རིག་ཁང་གི་ཆུའི་ཐོན་་རྫས་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་དང་མཉམ་དུ“རྒྱལ་ཁབ་ཀྱི་ཁྱད་ལྡན་ཚྭ་མེད་ཆུའི་ཉའི་ཐོན་ལས་རྣམ་གྲངས”དང“བོད་ཀྱི་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་གི་དཔེ་སྟོན་རྣམ་གྲངས”ལག་བསྟར་བྱས་ཡོད་པ་རེད།