logo
查看本期全部内容

2026ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་པ།

林芝报-藏文版&nbsp&nbsp2026-11-24

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་18ཉིན་ཀོང་ཏུང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀོང་ཏུང་ཞིང་ཆེན་ལས་ཞུགས་ཞབས་ཞུ་དོ་དམ་ཅུད་དང་ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ཀྱིས་གཉེར་འགན་འཁུར་བའི་2026ལོའི་ཉིང་ཁྲི་གྲོང་ཁྱེར་ལས་ཞུགས་བོད་སྐྱོར་ཆེད་དོན་གདན་ཞུའི་ཚོགས་འདུ་ཉིང་ཁྲི་གྲོང་ཁྱེར་བལ་འཐག་བཟོ་གྲྭའི་ཐང་ཆེན་དུ་བདེ་བླག་ངང་འཚོགས་པ་རེད། ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུར་དྲ་ཐོག་དང་དྲ་ཕྱི་ནས་ལས་ཀ་འཚོལ་མཁན་མི་གྲངས་ཁྱོན700ལྷག་ཙམ་ཡོད་པ་དང་། ལོ་རྒྱུས་མདོར་བསྡུས་བསྡོམས་592བསྐུར་ཡོད། དྲ་ཐོག་ནས་ལས་ཀ་འཚོལ་མཁན་400ལྷག་ཙམ་ཟིན་པ་དང་ལོ་རྒྱུས་མདོར་བསྡུས་355བསྐུར་ཡོད། དྲ་ཕྱིའི་ལས་འཚོལ་མི་གྲངས་300ལྷག་ཙམ་ཟིན་པ་དང་། ལོ་རྒྱུས་མདོར་བསྡུས་237བསྐུར་བ། ལས་ཞུགས་ཀྱི་འདོད་འདུན་རགས་ཙམ་གྲུབ་པའི་མི་གྲངས་98ཟིན་ཡོད། འདི་ནི་ལས་དོན་མི་སྣས་ལས་ཞུགས་མི་སྣའི་ལོ་རྒྱུས་མདོར་བསྡུས་ལ་ལྟ་བཞིན་པ།

查看本期全部内容