logo
查看本期全部内容

ཉིང་ཁྲི་གྲོང་ཁྱེར་གྱིས་2026ལོའི་དུས་ཐེངས་བཞི་པའི་ཀོང་པོའི་འཆད་ཁྲིད་ཁང་ཆེ་མོ་གཉེར་བ།

林芝报-藏文版&nbsp&nbsp2026-11-24

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་19ཉིན།ཉིང་ཁྲི་གྲོང་ཁྱེར་གྱིས་2026ལོའི་དུས་ཐེངས་བཞི་པའི་ཀོང་པོའི་འཆད་ཁྲིད་ཁང་ཆེ་མོ་གཉེར་ཞིང་། ཆིང་ཧྭ་སློབ་ཆེན་ཨར་ལས་སློབ་གླིང་གི་ཡོན་ཀྲང་གཞོན་པ། དགེ་རྒན་ཆེན་མོ་གཞོན་པ་ལིའང་སི་སི་གདན་དྲངས་ནས《གྲོང་ཁྱེར་ཇུས་འགོད་དོ་དམ་ཚོད་འཛིན་ཐད་ཀྱི་འདུ་ཤེས་དང་བྱེད་ཐབས། ཡོ་བྱད》ཅེས་པའི་ཆེད་དོན་ཟུར་ཁྲིད་གནང་བ་དང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།རྒྱུན་ལས་ཧྲི་ཀྲང་གཞོན་པ་ལིན་ཁོའོ་ཚུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྥུའུ་ཡུང་པོ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་ཏོན་ཀང་ཧུའེ་དང་བློ་བཟང་འཇིཊ་མེད་བཅས་འཆད་ཁྲིད་གསན་པར་ཕེབས་ཡོད།

ཚོགས་འདུའི་ཐོག ལེང་སི་སིས“སྤྱི་པའི་བར་མཐོངས་དོ་དམ་ཚོད་འཛིན་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཨར་ལས་དོ་དམ་ཚོད་འཛིན།གྲོང་ཁུལ་རྙིང་པར་ཚད་མཐོའི་དོ་དམ་ཚོད་འཛིན། ཁྲོམ་གཞུང་ཇུས་འགོད་དོ་དམ་ཚོད་འཛིན་བཅས་ཕྱོཊ་བཞིའི་ཐད་ནས་མཐོང་རྒྱ་ཆེ་བ་དང་ནང་དོན་ཞིབ་ཅིང་ཕྲ་བ།བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་པ་བཅས་ཀྱི་ཐོག་ནས་སློབ་ཁྲིད་གནང་བ་རེད། སློབ་ཁྲིད་ཧྲིལ་པོར་ཚད་མཐོའི་རིགས་པའི་གཞུང་ལུཊ་ཀྱི་འགྲེལ་བཤད་དང་མདུན་ཕྱོཊ་ཀྱི་མཐོང་རྒྱའི་རྣམ་པ།དངོས་དོན་གྱི་ལག་ལེན་བྱེད་ཐབས།གནད་སྨིན་གྱི་ཁ་གཏད་ཅོག་ཐབས་བཅས་ཡོད་པས།ཉིང་ཁྲི་འདི་ཉིད་ཁྱད་ཆོས་མངོན་གསལ་དོད་པ་དང་དེང་རབས་ཀྱི་སྒོ་འབྱེད། རྒྱུན་མཐུད་བཅས་ཀྱི་ས་མཐོའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལམ་བུ་བསྐྱོད་པའི་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

འཆད་ཁྲིད་ཐོག ཁ་གཏད་འཇལ་བ།འགོ་འཛུགས་ས་མཐོ་པོའི་ཐོག་ནས་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་བར་མཐོངས་བཀོད་སྒྲིག་ལ་བརྟེན་ནས་ཕུགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། འཆར་འགོད་ཀྱི་རྒྱང་ལྟའི་རང་བཞིན་དང་། བཙན་ཤེད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་མཐོངས་སྤྱི་འདོམས་བྱེད་པ་བཅས་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་བཟོ་བཅོས་རྒྱག་དགོས། སྤུས་ཚད་མཐོ་བའི་འཛུགས་སྐྲུན་མཐའ་འཁྱོངས་ཀྱིས་ཐེག་ནུས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་ནུས་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་། འཚོ་སྡོད་བྱ་རྒྱུར་འཚམ་པའི་གྲོང་ཁྱེར་དང་། གསར་གཏོད་གྲོང་ཁྱེར མཉེན་ཆ་ལྡན་པའི་གྲོང་ཁྱེར་བཅས་བསྐྲུན་རྒྱུར་དམིགས་ཏེ་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་བསྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་བསྐྲུན་པའི་འདུ་ཤེས་ལག་ལེན་ཏན་ཏིག་བསྟར་བ་བཅས་བྱེད་དགོས། ཚད་གཞི་མཐོ་པོ་གཏོད་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་གྱི་གཟུགས་བརྙན་བཟང་པོར་བརྟེན་ནས་ཉིང་ཁྲིའི་ཁྱད་ཆོས་མངོན་པ་དང་། གྲོང་ཁྱེར་གྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོག་མཐའ་བར་གསུམ་དུ་གྲོང་ཁྱེར་གྱི་ཁོར་ཡུག་གཙང་མ་དང་མཛེས་སྡུག་ལྡན་པ་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་ལྡན་པའི་གྲོང་ཁྱེར་མཉམ་སྐྲུན་གྱི་མཉམ་ཤུགས་ནུས་ཤུགས་ཡོད་རྒུས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། ནུས་ཆེའི་དོ་དམ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ལག་ལེན་བསྟར་ནས་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་ཁྱེར་དོ་དམ་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དང་། རིག་ལྡན་ཅན་གྱི་ཆུ་ཚད། ཐུན་མོང་བཅོས་སྐྱོང་དང་དོ་དམ་གྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

འཆད་ཁྲིད་ལ་ཞུགས་མཁན་གྲས་སུ་ད་དུང་ཝང་ཏུང་ཧྲེང་དང་། བདེ་ཆེན། ཀོའོ་ཡོན་ཧུང་། ཅིང་ཐའོ། ཝང་ཆི་ཀྲན། ཞའོ་ཧུའེ་པིང་། ཚེ་བརྟན་དགེ་ལེགས། ཞུང་དབྱི་ཏུང་། དབང་ཏུང་། ཧུའུ་ཝུན་ཕིང་། དཀོན་མཆོག བཀྲ་ཤིས་བཅས་ཡོད་པ་རེད། སྐལ་བཟང་གཡུ་སྒྲོན་གྱིས་བསྒྱུར།

查看本期全部内容