logo
查看本期全部内容
ཀོང་པོ་རྒྱ་མདའ་རྫོང་གིས།
སྦྲང་རྩིའི་ཐོན་ལས་སྤུས་རྟགས་བཏོད་དེ་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།
林芝报-藏文版&nbsp&nbsp2026-11-24
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་བའི་ལོ་ཤས་རིང་ཀོང་པོ་རྒྱ་མདའ་རྫོང་གིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ཐོན་ལས་དམངས་ཕྱུག་གི་འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་གནད་སྨིན་ཚོང་འགུགས་མ་འདྲེན་དང་ཁྱད་ལྡན་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་བཏང་ཡོད།སྤུས་རྟགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོང་ཚོ་དང་ཁེ་ལས་མཉམ་འགུལ་དང་ཕྱི་རྒྱལ་གྱི་ཁྲོམ་རར་འདོན་པ་སོགས་ཀྱི་བྱ་ཐབས་བརྒྱུད་ས་མཐོའི་བོད་ཀྱི་སྦྲང་རྩིའི་ཁྱད་ལྡན་ཐོན་ལས་མུ་མཐུད་ལེགས་སུ་དང་སྟོབས་ཆེར་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་།ཐོན་ལས་འཕེལ་རྒྱས།དེ་བཞིན་མང་ཚོགས་འབབ་འཕར་བཅས་ཕྱོགས་མང་གཉིས་ཕན་ཡོང་བ་བྱས་ཏེ་རྫོང་ཁོངས་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་ཆེད་ནང་གནས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ཡོད།
ཀོང་པོ་རྒྱ་མདའ་རྫོང་གི་སྔོ་ཁེབས་ཕུན་སུམ་ཚོགས་པ་དང་།གདོད་མའི་སྐྱེ་ཁམས་ཀྱི་རང་བྱུང་ཁོར་ཡུག་བཟང་པོ་ལས་ས་མཐོའི་ཐུན་མོང་མ་ཡིན་པའི་རི་སྐྱེས་མེ་ཏོག་གི་དྲི་ཞིམ་འཐུལ་བཞིན་ཡོད།རྫོང་དེས་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྱད་ལྡན་ཞིང་ལས་ཁེ་ལས་དོན་ཐོག་ཏུ་འཁྱོལ་རྒྱུར་གནད་སྨིན་སྣེ་ཁྲིད་བྱས་ཏེ་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།
བོད་ལྗོངས་ཧྲན་ཀྲེང་སྦྲང་རྩི་ཐོན་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་ནི་ཀོང་པོ་རྒྱ་མདའ་རྫོང་གི་གཙོ་གནད་ཚོང་འགུགས་མ་འདྲེན་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཆེད་ལས་ཅན་དང་ཚན་རིག་ཅན་གྱི་གསོ་ཚགས་བྱེད་སྟངས་ལ་བརྟེན་ནས་སྲོལ་རྒྱུན་གསོ་ཚགས་ཀྱི་ཞན་ཆ་གསབ་པ་དང་སྦྲང་རྩིའི་ཐོན་ལས་དེ་ཁ་ཐོར་དུད་ཚང་གསོ་ཚགས་ནས་གཞི་ཁྱོན་ཅན་དང་།ཚད་ལྡན་ཅན། དེ་བཞིན་སྤུས་རྟགས་ཅན་དང་རྒྱལ་སྤྱི་ཅན་བཅས་སུ་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་ཡོད།འདི་ལོ་ཀུང་སི་དེའི་ཁག་གཉིས་པའི་ཉིང་ཁྲིའི་རི་སྐྱེས་སྦྲང་རྩི་ཤང་ཀང་དུ་བདེ་བླག་ངང་ཕྱིར་གཏོང་བྱས་པ་དང་རིམ་རྩིས་བྱས་ན།སྦྲང་རྩི་ཏུན་4.73ཕྱིར་གཏོང་བྱས་པ་དང་དངོས་ཟོག་གི་རིན་ཐང་སྒོར་ཁྲི་120ལྷག་ཙམ་ཟིན་པ་དེ་ཐོག་ནས་ཀོང་པོ་རྒྱ་མདའ་རྫོང་གི་ས་མཐོའི་སྦྲང་རྩིའི་ཐོན་རྫས་ཤང་ཀང་དུ་ཕྱིར་གཏོང་བྱ་རྒྱུ་རྒྱུན་རྣམ་ཅན་དུ་གྱུར་ནས་ཕྱི་རྒྱལ་གྱི་རྩེར་སོན་ཁྲོམ་ར་གྲུབ་འབྲས་ཐོབ་པའི་ངང་བཏོད་དེ་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ཕྱི་ཕྱོཊ་སུ་སྒོ་དབྱེ་བ་དང་སྤུས་ཚད་མཐོ་རུ་གཏོང་བའི་གྲུབ་འབྲས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་པ་མཚོན་ཡོད།
བོད་ལྗོངས་ཧྲན་ཀྲེང་སྦྲང་རྩི་ཐོན་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་དོ་དམ་པ་ཁྲེན་མེ་ཡིས།མིག་སྔར་ང་ཚོའི་ཁེ་ལས་ལ་ISO22000བདེན་དཔང་ར་སྤྲོད་ཐོབ་པ་མ་ཟད།ད་དུང་HAPབདེན་དཔང་ར་སྤྲོད་ཀྱང་ཐོབ་ནས་ཤང་ཀང་དུ་ཕྱིར་གཏོང་ཐུབ་པ་དང་།ང་ཚོའི་ས་མཐོའི་འབུ་ཕྲ་འགོག་པའི་ལེགས་ཆ་ཧ་ཅང་མངོན་གསལ་དོད་པོ་ཡོད་ལ་ཤང་ཀང་དུ་ཕྱིར་གཏོང་བྱས་རྗེས་ཁྲོམ་རའི་ཁས་ལེན་ཡང་ཐོབ་ཡོད། ང་ཚོས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྦྲང་རྩི་ཞིབ་འཇུག་སོའོ་ཡི་ཚན་ཞིབ་རྒྱབ་སྐྱོར་ལ་བརྟེན་ནས་རྩེར་སོན་གྱི་ཐོན་སྐྱེད་འགྲོ་ལམ་ཐོག་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད།
འདི་ལོའི་ཟླ་6པར་ཀོང་པོ་རྒྱ་མདའ་གྲོང་རྡལ་སྒྲོམ་གྲོང་ཚོའི་སྦྲང་ནོར་བུའི་ཐོན་ལས་གསོ་ཚགས་རྣམ་གྲངས་དངོས་སུ་ལག་བསྟར་བྱས་པ་མ་ཟད་གྲོང་ཚོ་དང་ཁེ་ལས་ཀྱི་མཉམ་སྐྲུན་བྱེད་སྟངས་ལ་བརྟེན་ནས་ཁེ་ལས་ཀྱི་ལག་རྩལ་ནུས་པ་དང་། གྲོང་ཚོ་མཉམ་སྡེབ་གཅིག་གྱུར་འཆར་འགོད་མཐུན་སྦྱོར།དེ་བཞིན་མང་ཚོགས་དོ་དམ་སྲུང་སྐྱོང་ནང་ཞུགས་པ་བཅས་ཀྱི་འབབ་འཕར་སྦྲེལ་ཐག་ཆ་ཚང་ཞིག་བཏོད་དེ་སྦྲང་ནོར་བུ་ཆུང་ཆུང་དེ་མང་ཚོགས་འབབ་འཕར་བརྟན་པོ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་ཕྱུག་འགྱུར་གཞི་རྟེན་དུ་གྱུར་ཡོད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་52བཏང་ནས་སྦྲང་རྩི་སྒམ་80སྤྲད་པ་དང་ཚན་རིག་ཅན་གྱི་དོ་དམ་སྲུང་སྐྱོང་བྱས་པ་བརྒྱུད་འདི་ལོའི་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།
ཀོང་པོ་རྒྱ་མདའ་གྲོང་རྡལ་སྒྲོམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་གོམ་སྟབས་རྗེས་མར་ང་ཚོས་ཁེ་ལས་དང་ལས་དོན་ཁག་འབྲེལ་མཐུད་ཡག་པོ་བྱས་ཏེ་འབྲེལ་གཏུག་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ནས་མང་ཚོཊ་ལ་འབབ་འཕར་ཡོང་བ་བྱ་རྒྱུ་དང་ང་ཚོའི་ཐུན་མོང་གི་འབད་བརྩོན་འོག་ང་ཚོའི་སྦྲང་རྩིའི་ཐོན་ལས་སྔར་ལས་ལེཊ་སུ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།
ད་ཆ་ཀོང་པོ་རྒྱ་མདའ་རྫོང་གི་སྦྲང་རྩིའི་ཐོན་ལས་ལ“སྐྱེ་ཁམས་ལ་བརྟེན་ནས་སྦྲང་རྩི་གསོ་བ་དང་། གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན། དེ་བཞིན་དམངས་ཕྱུག་འབབ་འཕར་དང་རྒྱ་མཚོའི་གྲོང་ཁྱེར་དུ་མཁོ་འདོན་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ནས་བོད་ཀྱི་སྦྲང་རྩི་ཆུང་ངུ་དེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ཐོན་ལས་གཙོ་བོར་གྱུར་ཡོད།
ཀོང་པོ་རྒྱ་མདའ་རྫོང་འཕེལ་སྒྱུར་ཅུད་ཀྱི་ཅུད་ཀྲང་གཞོན་པ།མ་འཇོག་སྐུལ་འདེད་ཅུད་ཀྱི་ཅུད་ཀྲང་མིའོ་ཡུང་ཕེང་གིས་གོམ་སྟབས་རྗེས་མར་ང་ཚོས་ལས་དོན་ཁག་གསུམ་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་།གསོ་ཚགས་ཀྱི་བཀོད་པ་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་ཁེ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རྒྱ་སྐྱེད་ལ་རོགས་སྐྱོར་བྱེད་པ། དེ་བཞིན་ནུས་ཤུགས་ཡོད་རྒུས་སྒོར་དུང་ཕྱུར་རིམ་པའི་སྦྲང་རྩིའི་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་གཏོད་རྒྱུ་དང་། གཉིས་ནས་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ཏེ་ཚན་ཞིབ་ཚོགས་པའི་ལག་རྩལ་འདེགས་སྐྱོར་ལ་བརྟེན་པ་དང་རྒྱལ་སྤྱིའི་འོས་ཐོབ་ཁས་ལེན་འཐུས་སྒོ་ཚང་དུ་བཏང་ནས་ཤང་ཀང་གི་ཁྲོམ་ར་བརྟན་དུ་གཏོང་བ་དང་ཆབས་ཅིག་དབུས་ཤར་ས་ཁུལ་སོགས་ཕྱི་རྒྱལ་གྱི་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱ་རྒྱུ་དང་གསུམ་ནས་ཚོང་གཉེར་ཞབས་ཞུ་ལེགས་སུ་བཏང་ནས་སྤུས་ཚད་མཐོ་བའི་ཚོང་འགུགས་མ་འདྲེན་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བ་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་པའི“བོད་ལྗོངས་རྟགས་ཅན”གྱི་ཐོན་རྫས་དེ་བས་མང་བ་རྒྱལ་ཡོངས་སུ་ཕྱིར་ཚོང་བྱ་རྒྱུ་ཡིན་ཞེས་བརྗོད། སྐལ་བཟང་གཡུ་སྒྲོན་གྱིས་བསྒྱུར།
查看本期全部内容