ཉིང་ཁྲིའི་ཉང་ཆུ་སྤྱི་གླིང་གི་ཨར་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་བ།

林芝报-藏文版  2026-11-24

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ་ཉིང་ཁྲི་གྲོང་ཁྱེར་གྱི་ཉང་ཆུ་སྤྱི་གླིང་ད་ལྟ་ཨར་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་ནས་གྲོང་མི་འཆམ་འཆམ་ལ་དངོས་སུ་གཏོང་འགོ་ཚུགས་ཡོད།

ཉང་ཆུ་སྤྱི་གླིང་ནི་ཉང་ཆུའི་ཆུ་རྒྱུད་དུ་མུ་ལ་མུ་འཁྱུད་དུ་གནས་ཡོད་ཅིང་། སྤྱི་གླིང་སྤྱིའི་ལམ་ཐག་སྤྱི་ལེ་7དང་རྐང་ཐང་ལམ་ཐག་སྤྱི་ལེ་3.8སྐྱེ་ཁམས་རྐང་ཐང་ལམ་ཐག་སྤྱི་ལེ་3.1ཡོད་ཅིང་། ལམ་རྒྱུད་དུ་རྐུབ་སྟེགས་སོགས་དམངས་ལ་ཕན་པའི་སྒྲིག་བཀོད་ཡོད་པ་དང་། རང་བྱུང་རི་ཆུའི་མཛེས་ལྗོངས་དང་གྲོང་ཁྱེར་འཚོ་བའི་བར་སྟོངས་གཉིས་གཞི་གཅིག་ཏུ་འབྲེལ་ཡོད་པ་རེད།

ཀོང་པོའི་མུ་ཏིག་སྡེ་ཁུལ་དུ་སྡོད་མཁན་གྲོང་མི་ཞིག་གིས་སྤྱི་གླིང་ནང་སྔ་དྲོ་ལུས་སྦྱོང་བྱེད་མཁན་དང་ཕྱི་དྲོ་ཕྲུ་གུ་འཁྲིད་ནས་འཆམ་འཆམ་ལ་སྐྱོད་མཁན་མང་པོ་འདུག སྤྱི་གླིང་འཁྲུག་ཆ་དོད་དུ་སོང་ན་གྲོང་ཁྱེར་ལ་དེ་བས་གསོན་ཤུགས་རྒྱས་ངེས་རེད་ཅེས་བརྗོད་པ་རེད། ངོ་སྤྲོད་བྱས་པ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཁུལ་དུ་ད་ལྟ་ཁྱོན་སྤྱི་གླིང་26བསྐྲུན་ཟིན་པ་དང་། སྔོ་ལྗང་སྨི་གྲུ་བཞི་མ་ཁྲི་151.78མང་དུ་ཕྱིན་ཡོད་ཅིང་། སྤྱི་གླིང་གི་སྔོ་ལྗང་རྒྱ་ཁྱོན་ཆ་སྙོམས་མི་རེར་སྨི་གྲུ་བཞི་མ་16.1ཟིན་གྱི་ཡོད།