logo
查看本期全部内容

རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་ཉིང་ཁྲི་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

林芝报-藏文版&nbsp&nbsp2026-11-24

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་19ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཉིང་ཁྲིར་འཚོགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དབྱིན་ལི་ཧྥུང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ལིན་ཁོ་ཚུང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྥུའུ་ཡུང་པོ། གྲོང་ཨུད་ཀྱི་རྒྱུན་ཨུ་ཏོན་ཀང་ཧུའེ་དང་བློ་བཟང་འཇིགས་མེད་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོ་ཁྲང་ཅིའུ་ཡིས《ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་རྩ་བའི་གཞི་འཛིན་སར་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།

ཉིང་ཁྲི་གྲོང་ཁྱེར་གྱི་ཚན་པ་ཁག་དང་ལས་རིགས་ཁག་གི་ཏང་ཡོན་ལས་བྱེད་པའི་འཐུས་མི་800ལྷག་ཙམ་གྱིས་སྒྲོག་འགྲེལ་སྙན་ཞུ་ཉན་པ་རེད།

ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། སྲོག་ཤིང་གི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱ་རྒྱུར་དམིགས་ནས་ཉིང་ཁྲིས་རྒྱལ་ཁབ་ཀྱི་འཐབ་ཇུས་རྣམ་གྲངས་གལ་ཆེན་དང་། སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས་སོགས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འབྲེལ་ཡོད་བཀོད་སྒྲིག་གསལ་འགྲེལ་གཏིང་ཟབ་བྱས་པས་ནང་དོན་གསོན་ཉམས་དོད་ལ་མི་སེམས་ལ་ཟུག་པ་བྱུང་ཡོད།

ཆུ་ཚོད་གཉིས་ལྷག་ཙམ་གྱི་སྒྲོག་འགྲེལ་ལ་རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་ཡོད་ལ་ལག་ལེན་གྱི་བསམ་གཞིག་ཀྱང་ཡོད། སྤྱི་ཁོག་གི་གསལ་འགྲེལ་ཡོད་ལ་བྱེ་བྲག་གི་དབྱེ་ཞིབ་ཀྱང་ཡོད། ཏང་ཡོན་ལས་བྱེད་པས་བློ་རྩེ་གཅིག་སྒྲིམ་ངང་ཉན་པ་དང་ཟིན་བྲིས་ཞིབ་ཕྲ་བཀོད་ཡོད་པ་རེད།

སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་གྲོལ་རྗེས་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བྲག་ཡིབ་ཆུད་ཉི་ཁྲི་སྡེ་ཁུལ་དུ་བསྐྱོད་དེ་སྡེ་ཁུལ་གྱི་ལས་བྱེད་པ་དང་། གཞི་རིམ་ཏང་ཡོན། གྲོང་མིའི་འཐུས་མི་བཅས་དང་ངོ་ཐུག་གདོང་འཕྲད་ཀྱིས་བཞུགས་མོལ་སྤེལ་རེས་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྒྱུད་བསྒྲགས་བྱས་པ་རེད། བདེ་སྐྱིད་ཀྱིས་བསྒྱུར།

查看本期全部内容