ལྷོ་ཁའི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་རའི་ཐོག་རྣམ་གྲངས་32ལ་གན་རྒྱ་བཞག་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་པ།

山南报藏文   བསོད་ནམས་བསྟན་པས་བསྒྱུར།  2026-09-21

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2026ལོར་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་ཤིང་། ས་གནས་ས་ཐོག་ཏུ་རྣམ་གྲངས་32ལ་མིང་རྟགས་བཀོད་པའི་ནང་དོན་ཚན་18ལ་དངོས་སུ་གྲོས་མཐུན་བཞག་པ་དང་། དོན་ཚན་14ལ་འདོད་མཐུན་གྲོས་མཐུན་བཞག་པ། གན་འཇོག་མ་དངུལ་བསྡོམས་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་པ་དེ་དག་ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། སྐྱེ་དངོས་སྨན་རྫས་བཟོ་སྐྲུན། རིག་གནས་ཡུལ་སྐོར། མཐོ་གསར་གྲངས་གཞི(རིག་ནུས་རྩིས་རྒྱག་ཞབས་ཞུ) ཆིང་དབྱང་ཐོན་ལས། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)སྤྱི་སྤྱོད་མཁའ་འགྲུལ(དམའ་དབྱིངས་དཔལ་འབྱོར)སོགས་ཁྱབ་ཁོངས་སུ་ཁྱབ་ཡོད་པ་རེད།

འོས་སྦྱོར་འདུ་ཚོགས་ཐོགAIཚོང་འགུགས་ལས་རོགས་ཐོག་མར་ནང་འདྲེན་བྱས་ཏེ་ས་བབ་ཀྱི་ལེགས་ཆ་དང་།ཐོན་ཁུངས་ཀྱི་ལེགས་ཆ། ཚོང་གཉེར་ཁོར་ཡུག་བཅས་ལ་དམིགས་ནས་ཐོན་ལས་འོས་སྦྱོར་བྱས་པ་རེད། ཚོང་འགུགས་གཞུང་ཚབ་ཆེ་མོ་བའི་འཐུས་མིས་རང་ངོས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་ས་གནས་དེ་གའི་ཁེ་ལས་ཀྱི་ཞབས་ཞུ་དང་ཐོན་ལས་བཀོལ་སྤྱོད་ཀྱི་རྣམ་པ་མཉམ་སྤྱོད་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་ཁ་ནས་ལྷ་ས་བར་སྤྱི་ལེ་90ཡོད་པ་དེ་དག་ལྷ་སའི“ཆུ་ཚོད་གཅིག་གི་དཔལ་འབྱོར་ཁུལ”ནང་མཉམ་འདྲེས་ཐུབ་ཡོད། ས་གནས་དེ་གས་རྣམ་གྲངས་གལ་ཆེན་ལ“རྣམ་གྲངས་གཅིག་དང་། འགོ་ཁྲིད་གཅིག། ཚན་ཁག་གཅིག། ཇུས་གཞི་ཆ་ཚང་གཅིག”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་ཞབས་ཞུ་བྱས་ཏེ་རྒྱ་ཆེའི་ཚོང་པས་ལྷོ་ཁར་བློ་བདེའི་ངང་མ་འཇོག་བྱེད་པ་དང་། བློ་རྒྱ་ཆེན་པོས་ལས་གཏོད་བྱེད་པ། བློ་ཁོག་ཆེན་པོས་འཕེལ་རྒྱས་གཏོང་བ་བཅས་བྱས་ཡོད།།

བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ལོ་ཡག་གིས་ཞུས།