logo
查看本期全部内容

གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་སོ་ལྔ་པ་སྐོང་འཚོགས་བྱས་པ།

山南报藏文&nbsp&nbsp བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། &nbsp&nbsp2026-09-21

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་སོ་ལྔ་པ་སྐོང་འཚོགས་བྱས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ཉེར་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་སྒོས། ཚོགས་འདུའི་གྲོས་རིམ་དང་འབྲེལ་ཡོད་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡཱ་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཐན་ཝུའུ་དང་། འཇིགས་མེད། པ་སངས་དངོས་གྲུབ། གྲའེ་ཁུན་བཅས་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འོས་མི་ཚའོ་ཛུའུ་ཡུས་ཚོགས་འདུར་ཞུགས་པ་རེད། གྲོང་སྤྱི་གཞོན་པ་ཤཱ་ཧ་ལིན་དང་' གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ལིའུ་ཧྥ་ལིན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཚོགས་འདུར་ཕེབས་དགོས་ངེས་ཀྱི་ཁོངས་མིའི་གྲུབ་ཆའི་མི་སྣ་39ཡོད་པ་དང་། དོན་དགོངས་དང་ནད་དགོངས་ཞུས་པ་13ཡོད་ཅིང་། དངོས་སུ་ཕེབས་པ་26ཡོད་པ་དེ་ཁྲིམས་ཀྱིས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

ལི་ཡཱ་ཞང་གིས་བླང་བྱ་བཏོན་གནང་དོན། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་བློ་མཐུན་ཡོངས་ཀྱིས་ཆབ་སྲིད་འགན་འཁྲི་ཕྲག་ཐོག་ཏུ་ཡག་པོ་འཁུར་ཐོག ཁྲིམས་ལུགས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཁྲིམས་སྲོལ་ཁོང་དུ་ཆུད་པ་བྱས་ཏེ། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་འཐུས་མིའི་ཐོབ་ཐང་ཞིབ་བཤེར་དང་གཏན་འཁེལ། ལས་དོན་སྙན་སྒྲོན་བཅས་ཚད་ལྡན་གཟབ་ནན་ངང་བསྒྲུབ་ནས། བརྒྱུད་རིམ་ཁག་ཆ་ཚང་བ་དང་གྲོས་བསྡུར་ཚགས་ཚུད་པ། གྲོས་ཐག་ཡང་དག་གཅོད་པ་བཅས་བྱེད་དགོས།

ལི་ཡཱ་ཞང་གིས་ནན་བཤད་གནང་དོན། ཚན་པ་ཁག་དང་སྡེ་ཚན་ཁག་གིས"མིག་མངས་འགྲིག་སྐོར་གཅིག"གི་བསམ་བློ་བརྟན་པོ་བཙུགས་ཏེ། མཉམ་སྒྲུབ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དགོངས་སྐོར་སྙན་ཞུའི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་རང་འགུལ་ངང་འགན་འཁྲི་སྒྲུབ་འགན་འཁུར་ཏེ་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ཡག་པོ་སྒྲུབ་དགོས། འབྲེལ་ཡོད་སྡེ་ཚན་དང་ཚན་པས་གསར་དུ་བསྐོ་གཞག་བྱས་པའི་གྲོང་ཁྱེར་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ནུས་ལྡན་བྱས་ཏེ"དོན་ཆེན་བཞི"ལ་དམ་ཟབ་དམིགས་ནས"འཛུགས་གཏོད་བཞིར"ལ་སྟོབས་ཤུགས་གཅིག་བསྒྲིལ་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། གཞི་རིམ་བཅོས་སྐྱོང་གསར་གཏོད། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན། མཐའ་བརྟན་མཐའ་དར་དམངས་ཕྱུག་སོགས་ཀྱི་གཙོ་གནད་ལས་དོན་ལ་མཐའ་བསྐོར་ནས་གཟིགས་ཞིབ་དང་བརྟག་ཞིབ་གཏིང་ཟབ་སྤེལ་བ་བརྒྱུད། ལས་དོན་སྙན་སྒྲོན་ཁག་ལ་གྲོས་ཞིབ་དང་སྤུས་ཚད་མཐོ་བའི་འཐུས་མིའི་གྲོས་འགོ་འདོན་ཆེད་ཞིབ་ཅིང་ཁུངས་བཙན་པའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་གསོག་འཇོག་བྱེད་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས"འབྲེལ་གཏུག་གཉིས"ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། འཐུས་མིའི་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གི་བྱེད་སྒོར་སྣེ་ཁྲིད་ཀྱིས་ཞུགས་ཐོག གཞི་རིམ་གྱི་རེ་ཞུ་ཇི་མ་ཇི་བཞིན་གོང་འབུལ་གྱིས་དམངས་འཚོའི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་པ་བཅས་བྱ་དགོས། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པས་བཀའ་བཀོད་དང་ལེན་དང་བཀོད་འདོམས་ལ་ཉན་ནས་སྐབས་བརྗེའི་ལས་དོན་དང་ལོ་འཁོར་མོའི་གཙོ་གནད་ལས་འགན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

ཚོགས་འདུའི་རིང་། ད་དུང་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་གོ་གཉིས་པ་སྐོང་འཚོགས་བྱས་པ་རེད།།

བསོད་བསྟན་དང་ལོ་ཡག་གིས་ཞུས།

查看本期全部内容