ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་འཚོགས་པ།

山南报藏文   བསོད་ནམས་བསྟན་པས་བསྒྱུར།  2026-09-21

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་17ཉིན། ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་སྣེ་གདོང་དུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་དེ་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གསུང་བཤད་གནང་བ་རེད།

སྐབས་གཉིས་པའི་གྲོང་ཨུད་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཕེབས་པ་དང་། འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཚོགས་འདུས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་མཁན་ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མིའི་འོས་མིའི་གྲ་སྒྲིག་འོས་མིའི་གྲོས་འགོའི་མིང་ཐོའི་གསལ་བཤད་གསན་པ་དང་།《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཞུགས་མཁན་ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མིའི་འོས་མིའི་གྲ་སྒྲིག་འོས་མིའི་བདམས་ཐོན་བྱ་ཐབས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ། འདེམས་ཤོག་ལྟ་ཞིབ་པའི་མིང་ཐོར་བརྡས་ཐག་བཅད་དེ་འདེམས་ཤོག་བརྩི་མཁན་དམིགས་འཛུགས་བྱས་པ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་མཁན་ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མིའི་འོས་མིའི་གྲ་སྒྲིག་འོས་མིར་འདེམས་ཤོག་འཕེན་ནས་གཏན་འཁེལ་བྱས་པ།《ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྤྱི་བསྒྲགས》ལ་གྲོས་ཞིབ་དང་གྲོས་འཆམ་བཅས་བྱས་པ་རེད།

ཚོགས་འདུས་ནན་བཤད་བྱས་དོན། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཡིད་ཆེས་བརྟན་གཏོང་དང་། མུ་མཐུད་འབད་འཐབ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

ཚང་འཛོམས་གྲོས་ཚོགས་དེ་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་དབྱངས་ཁྲོད་གྲོལ་བ་རེད།།

བསོད་དོན་དང་ལོ་ཡག་གིས་ཞུས།