ཡར་ཀླུང་བསྡུས་འཕྲིན།

山南报藏文  ལོ་ཡག་མཚམས་གཅོད་ཀྱིས་བསྒྱུར།  2026-09-21

ཉེ་ལམ། རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི“100བྱས་པ་བཞིའི”ཕུལ་བྱུང་དཔེ་མཚོན་གྱི་ལྗོངས་ཡོངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་ལྷོ་ཁར་སྤེལ་བ་རེད། བྱེད་སྒོ་སྤེལ་རིང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》ལ་དམིགས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱས་པ།

ཉེ་ལམ། ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཏང་ཀྲི་པུས་ལྷོ་ཁ་གྲོང་ཁྱེར་མ་འཇོག་ཁྲང་ཧྲེང་ལམ་ཟམ་ཀུང་སིའི་ཏང་ཀྲི་པུའུ་དང་མཉམ་དུG349རྒྱལ་ལམ་འགྲམ་ངོས་སྟར་ཤིང་སྡེ་ཁུལ་གྱི་ལམ་མདོ་སྒྱུར་བཀོད་བྱ་ཡུལ་དུ་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།

ཉེ་ལམ། ལྷོ་ཁ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིསAIནུས་སྐྱེད་བརྙན་ཐུང་གསར་རྩོམ་གྱི་ཆེད་དོན་གསོ་སྦྱོང་བྱས་པ་དང་། གསར་འགོད་པ་དང་རྩོམ་སྒྲིག་པ་གསོ་སྦྱོང་ལ་ཞུགས་པ།

ཉེ་ཆར། སི་ཁྲོན་སློབ་ཆེན་ཧྭ་ཤི་ཁ་སྦུག་སྨན་ཁང་གི་རྒྱལ་ཁབ་སྐོར་སྐྱོད་སྨན་བཅོས་རུ་ཁག་གིས་ལྷོ་བྲག་རྫོང་དུ་དུས་ཡུན་ཉིན་གསུམ་གྱི་ཁ་ནད་སྨན་བཅོས་དང་བདེ་ཐང་གི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བ།

ཉེ་ཆར། འཕྱོངས་རྒྱས་རྫོང་སློབ་འབྲིང་གིས་སྡེ་ཚན་མང་པོ་དང་མཉམ་འགུལ་ཐོག་ནས་བཅའ་ཁྲིམས་སློབ་གྲྭར་སྐྱེལ་བའི་བྱེད་སྒོ་སྤེལ་བ།

ཉེ་ཆར། རྒྱ་ཚྭ་རྫོང་སློབ་འབྲིང་གིས་ཀྲུང་གོ་སྐོར་སྐྱོད་ཚན་རྩལ་ཁང་གི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཉེ་ཆར། སྣེ་གདོང་ཆུས་ཀྱིས་བདེ་འཇགས་དང་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་གྲལ་བཤེར་བྱ་སྤྱོད་སྤེལ་བ།

ཉེ་ཆར། ལྷུན་རྩེ་རྫོང་དམངས་སྲིད་ཅུས(དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས)ཀྱིས་གསང་སྔགས་ཆོས་གླིང་ཤང་གླེ་མོ་གྲོང་ཚོའི་རྒན་གསོའི་བདེ་སྐྱིད་ཁང་དུ་ཟ་ཁང་གི་ཚད་ལྡན་ཅན་གྱི་བཅོས་སྒྲིག་དང་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ནང་སྦྱོང་བྱས་ནས་རྒན་གསོའི་ཞབས་ཞུའི་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་ཚགས་ཚུད་དུ་བཏང་བ།

ཉེ་ཆར། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གིས་གྲོང་རྡལ་ཁྲིམས་འཛིན་ཟོའོ་དང་མཉམ་འབྲེལ་ཐོག་གྲི་གུ་སྡེ་ཁུལ་གྱི་ཕྱུགས་འཚོ་བར་“སྦྲ་ནག་ནང་དུ་ཏང་གི་བཀའ་དྲིན་གླེང་བའི”སྲིད་ཇུས་སྒྲོག་འགྲེལ་བྱས་པ།

ཉེ་དུས། གྲོང་ཨུད་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་གཞུང་ལས་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་2026ལོ་འཁོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྐྱོང་ལྟ་བཤེར་སྐུལ་སློང་བཀོད་སྒྲིག་དང་ལས་སྒོའི་གསོ་སྦྱོང་བྱས་པ།

ཉེ་དུས། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་དོ་དམ་ཡན་ལག་རུ་ཁག་གིས་མཚོ་སྨད་དང་མཚོ་སྣའི་འགྲིམ་འགྲུལ་དོ་དམ་སྟོབས་ཤུགས་བརྒྱུད་ཤང་ངམ་གྲོང་ཚོའི་སྟོན་བསྡུའི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

ཉེ་དུས། ཟངས་རི་རྫོང་གིས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་སློབ་རའི་ཉིན་མོ་ཞེས་པའི་བྱེད་སྒོ་སྤེལ་བ།

ཉེ་དུས། གྲ་ནང་རྫོང་སློབ་གསོ་ཅུད་ཀྱིས་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བྱིས་གསོ་ཁང་དུ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་སློབ་རའི་ཉིན་མོ་ཞེས་པའི་བྱེད་སྒོ་སྤེལ་བ།

ཉེ་དུས། ལྷུན་རྩེ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཉེ་དུས། མཚོ་སྨད་རྫོང་མི་སྤྱི་ཅུད་ཀྱིས་རྫོང་ཡོངས་ཀྱི་སྨན་དོན་མི་སྣར་སྨན་བཅོས་འགན་བཅོས་སྐོར་གྱི་སྲིད་ཇུས་དང་ཐེབས་རྩའི་ལྟ་འདོམས་སྐོར་གྱི་ཤེས་བྱའི་ཆེད་དོན་གསོ་སྦྱོང་བྱསཔ།

ཉེ་དུས། མཚོ་སྣ་གྲོང་ཁྱེར་མཚོ་སྣ་གྲོང་རྡལ་གྱིས་རྒྱུད་བཟང་བཞོན་མའི་འགྲན་བསྡུར་ལས་སྟེགས་ལ་བརྟེན་ནས། ནས་ཀྱི་སོན་བཟང་ཞིབ་བསྡུར་འགྲེམས་སྟོན་དང་འདེབས་འཛུགས་ལག་རྩལ་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ།

ཉེ་དུས། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ།

ཉེ་དུས། བོད་ལྗོངས་མི་རིགས་མཐུན་སྒྲིལ་གཅེས་སེམས་ཚོགས་པས་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་བྱང་ཐང་སློབ་ཆུང་དུ་ལེ་དབར་སྟོང་གི་དྲོ་སྐྱིད་སྐྱེལ། བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཁག་བདུན་པའི་དགུན་དུས་དངོས་ཟོག་དང་སློབ་སྐྱོར་རོགས་དངུལ་སྤྲད་པ།

ཉེ་དུས། སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་གྱིས་བདེ་རྒྱས་སྡེ་ཁུལ་དང་མཉམ་འབྲེལ་ཐོག ཨེན་གསེར་སྡེ་ཁུལ་དང་རོང་དཀར་སྡེ་ཁུལ་དུ་དྲ་རྒྱའི་ཤེས་དཔལ་སྡེ་ཁུལ་དུ་སྤེལ། ཁྱིམ་ཚང་ཁྲི་སྟོང་གི་བདེ་འཇགས་སྲུང་ཞེས་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཉེ་དུས། ཆུ་གསུམ་རྫོང་ཆུ་མཁར་གྲོང་ཚོས་ཇ་ཁང་ནང་དུ་ཏང་གི་བཀའ་དྲིན་གླེང་ཞེས་པའི་དམངས་ཕན་ཞབས་ཞུའི་བྱེད་སྒོ་སྤེལ་བ།

བསོད་བསྟན་དང་བསོད་དོན་གྱིས་ཞུས།