logo
查看本期全部内容

ཏང་འཛུགས་སྐྱོང་གིས་མཉམ་ཤུགས་གཅིག་ཏུ་བསྡུས།སྲིད་དོན་ཞབས་ཞུས་དམངས་ལ་དྲོ་སྐྱིད་སྦྱིན།

林芝报-藏文版&nbsp&nbsp2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུད་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་དང་། དམངས་ལ་སྟབས་བདེ་དང་ཁེ་ལས་ལ་ཕན་པའི་ལྟེ་བའི་འགན་འཁྲིར་གཞི་ཚུགས་ཏེ། སེ་འབྲུའི་ཕྱོགས་བསྡུས་ཞབས་ཞུའི་ཁུལ་གྱི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་ཏང་ཡོན་དང་བླངས་ཞབས་ཞུའི་དཔུང་ཁག་བཙུགས་པ་དང་“སྒྲུབ་གཉེར་དྲུག”གི་དྲོ་སྐྱིད་ཞབས་ཞུའི་ལམ་སྲོལ་གསར་གཏོད་ཁྱབ་གདལ་གཏོང་བ། ལས་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་བ། ཞབས་ཞུའི་ཞན་ཆ་གསབ་པ་བཅས་བྱས་ཏེ་མྱུར་ཚད་ལྡན་པ་དང་། ལས་ཕྱོད་ཆེ་བ། དྲོ་སྐྱིད་ལྡན་པ་བཅས་ཀྱི་སྲིད་དོན་ཞབས་ཞུ་ལས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་ཡོད་པ་རེད།

གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཞབས་ཞུའི་སྐར་ཁུང་ཁག་གི་ལས་དོན་མི་སྣས་ཞབས་ཞུའི་སྤྲོ་སེམས་ཆེས་ཆེར་འཕེལ་བ་དང་། ནུས་ཆེ་དང་གོ་རིམ་ལྡན་པའི་སྒོ་ནས་དམངས་ལ་སྟབས་བདེ་སྐྲུན་པའི་བྱ་བ་སྣ་ཚོགས་སྒྲུབ་བཞིན་ཡོད། གྲོང་མི་དབྱང་ལགས་ཞོགས་པ་སྔ་པོ་ནས་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཡོང་ནས་ཕྲུ་གུའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་བའི་སྐོར་ལ་བློ་འདྲི་བྱེད་བཞིན་ཡོད།

ཁམས་བཟང་། ཕྲུ་གུའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་བའི་སྐོར་ལ་བློ་འདྲི་ཞིག་བྱས་ན་འགྲིག་གམ། ལགས་སོ། ད་འོ་ན་གྲོན་དངུལ་འཇལ་བའི་གཞི་གྲངས་གང་འདྲ་རེད་དམ། ང་ཚོའི་གྲོན་དངུལ་འཇལ་བའི་གཞི་གྲངས་གནས་སྐབས་རིང་དོན་མེད། ཁྱེད་རང་གི་2026ལོའི་གཞི་གྲངས་དཔད་གཞིར་འཛིན་ཆོག དེར་60%དང་80% 100% 150%སོགས་ཡོད།

གྲོང་མི་དབྱང་ལགས་ཀྱིས། ད་ལྟའི་སྲིད་དོན་ཞབས་ཞུ་ཧ་ཅང་ཡག་པོ་དང་སྟབས་བདེ་འདུག སྐར་ཁུང་ལས་དོན་མི་སྣའི་རྣམ་འགྱུར་དང་། འགྲེལ་བཤད་ཞིབ་ཚགས། བཀོལ་སྤྱོད་བྱེད་མི་ཤེས་པའི་ལས་སྒོ་འཕྲད་སྐབས་ངང་རྒྱུད་རིང་པོས་མཛུབ་ཁྲིད་བཅས་བྱེད་ཀྱི་འདུག་ཅེས་བརྗོད།

སྤུས་ལེགས་དང་དྲོ་སྐྱིད་ལྡན་པའི་སྲིད་དོན་ཞབས་ཞུ་དེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་གི་ཞབས་ཞུའི་སྤུས་ཚད་རིམ་སྤོར་ལས་བྱུང་བ་ཞིག་རེད། གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུད་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཏང་ཡོན་གྱི་གདོང་ལེན་ལས་གནས་བཀོད་སྒྲིག་བྱས་ཏེ་ཏང་ཡོན་གྱིས་ཐོབ་ཐང་གསལ་སྟོན་དང་ཁས་ལེན་གསལ་སྟོན་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ལས་སྒྲུབ་ཞབས་ཞུའི་འཐབ་ས་དང་པོར་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་མངོན་པར་བྱས་ཡོད། དེ་དང་ཆབས་ཅིག་ནང་ཁུལ་གྱི་ཏང་འཛུགས་སྐྱོང་གི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ཏེ་འཐབ་ས་མཉམ་སྤྱོད་དང་། ཐོན་ཁུངས་མཉམ་སྤྱོད། ལེགས་ཆ་གསབ་རེས་བཅས་ཐུབ་པ་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ནང་སྐྱེས་སྒུལ་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱས་ཡོད།

གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུད་གཞུང་ལས་ཁང་གི་ཀྲུའུ་རེན་གྲན་ཚུའི་ཡིས། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་། ང་ཚོས་དུས་རྒྱུན་དུ་ཀྲི་པུའུ་དང་། བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་སྒྲིག་འཛུགས་བྱས་ཏེ་འདི་གར་བྱེད་སྒོ་རབ་དང་རིམ་པ་སྤེལ་གྱི་ཡོད་ཅེས་བརྗོད།

མི་རིགས་ཁག་གི་མང་ཚོགས་ཀྱི་ལས་སྒྲུབ་དགོས་མཁོར་དམིགས་ཏེ་སེ་འབྲུའི་ཕྱོགས་བསྡུས་ཞབས་ཞུའི་ཁུལ་ལ་བརྟེན་ནས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུད་ཀྱིས་ཏང་ཡོན་གྱི་གདོང་ལེན་ལས་གནས་གཏོད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཟུར་ཁྲིད་གཞུང་དོན་ཁང་དང་། རོགས་རམ་གཞུང་དོན་ཁང་། སྔོན་མངགས་གཞུང་དོན་ཁང་། དུས་འགྱངས་གཞུང་དོན་ཁང་། དྲན་སྐུལ་གཞུང་དོན་ཁང་བཅས་“སྒྲུབ་གཉེར་དྲུག”གི་དྲོ་སྐྱིད་ཞབས་ཞུའི་ལམ་སྲོལ་གསར་གཏོད་དང་ཁྱབ་གདལ་བཏང་བ། རང་འགུལ་ངང་མདུན་དུ་སྐྱོད་པ་དང་རང་འགུལ་ངང་ཞབས་འདེགས་ཞུ་བ་བརྒྱུད་“མང་ཚོགས་ཀྱིས་གཉེར་བར་ཡོང་དགོས་པ”དེ་“ལས་བྱེད་པས་རང་འགུལ་ངང་གཉེར་བར”འགྱུར་བ་བྱས་ཏེ་སྲིད་དོན་ཞབས་ཞུ་དང་དམངས་ཕན་གྱི་“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱས་ཡོད།

གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུད་སེ་འབྲུའི་ཕྱོགས་བསྡུས་ཞབས་ཞུ་ཁུལ་གྱི་ལས་དོན་མི་སྣ་པ་སངས་སྒྲོལ་དཀར་གྱིས། ཏང་ཡོན་སེ་འབྲུའི་གདོང་ལེན་ཞབས་ཞུ་རུ་ཁག་གི་རུ་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་མང་ཙམ་རྒྱུག་པ་དང་ཞབས་འདེགས་མང་ཙམ་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་དོན་སྒྲུབ་མཁན་མང་ཚོགས་ཚང་མས་ཉིང་ཁྲིའི་སྲིད་དོན་གྱི་དྲོད་ཚད་ཚོར་ཐུབ་པ་བྱས་ཡོད་ཅེས་བརྗོད།

དངོས་དོན་རེ་རེ་བཞིན་དོན་འཁྱོལ་དང་དྲོ་སྐྱིད་ལྡན་པའི་ཞབས་འདེགས་རེ་རེ་བཞིན་ཞུས་ནས་ཏང་དང་མང་ཚོགས་དབར་གཅིག་སེམས་གཅིག་སྦྲེལ་གྱི་འབྲེལ་ཟམ་བཙུགས་ཏེ་ཏང་འཛུགས་སྐྱོང་གི་དམར་མདངས་དེ་ཉིང་ཁྲིའི་སྲིད་དོན་ཞབས་ཞུའི་མངོན་གསལ་དོད་ཤོས་ཀྱི་རྨང་གཞིར་གྱུར་ཡོད། གོམ་སྟབས་རྗེས་མར་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུད་ཀྱིས་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་མུ་མཐུད་བརྟན་སྲུང་བྱས་ཏེ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམ་འཛིན་ནན་པོ་བྱ་རྒྱུ་རེད།

གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུད་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཧྲན་ཆང་གིས། ཅུད་ཏང་ཀྲི་པུས་སྲིད་དོན་ཞབས་ཞུའི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམ་པོར་དམིགས་ནས་“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་གཏོད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། “འབྲེལ་གཏུག་ལྔ་དང་སྐུལ་འདེད་ལྔའི”ཀྲི་པུའུ་ཆ་སྒྲིག་མཉམ་སྐྲུན་ལམ་སྲོལ་རྒྱུན་རྣམ་ཅན་གྱི་སྒོ་ནས་དོན་འཁྱོལ་བྱས་ནས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྲིད་དོན་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད།

查看本期全部内容