logo
查看本期全部内容

གྲོང་ཨུད་སྐབས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་139འཚོགས་པ།

林芝报-藏文版&nbsp&nbsp2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་16ཉིན་གྲོང་ཨུད་སྐབས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་139འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན།དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་གསུང་བཤད་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། ཕྱི་ཕྱོགས་སུ་སྒོ་དབྱེ་བྱེད་ཤུགས་གཏིང་ཟབ་ཏུ་གཏོང་བར་བརྟེན་ནས་གསོན་ཤུགས་འཕེལ་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དེ་བས་གསོན་ཤུགས་ལྡན་པའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་མ་ལག་བསྐྲུན་རྒྱུར་དམིགས་ནས་ཕྱི་ནང་མཉམ་འགུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དེ་བས་གཏིང་ཟབ་པའི་སྒོ་ནས་མཉམ་ལས་དོན་གཉེར་བྱེད་པ། ཁྱབ་ཁོངས་དེ་བས་ཆེ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བ། ཁྱབ་ཁོངས་དེ་བས་ཆེ་བའི་སྒོ་ནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ནས་བདེ་འཇགས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་སྦྲེལ་ཐག་དམ་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་མུ་མཐུད་དམ་འཛིན་ཡག་པོ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་ནས་སློབ་གསོར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མཐོ་ཚད་ཐོག་ལངས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་དང་ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་ཁག་གིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་པ། རིག་གནས་བྱ་གཞག་དར་རྒྱས་གཏོང་བ་བཅས་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གཏོད་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ཆོས་ལུགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་གལ་ཆེན་གཏོད་ཆེད་རིག་གནས་ཀྱི་ནང་དོན་བསྣན་དགོས་ཞེས་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག་འཚོག་ཉེར་ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་ཉིང་ཁྲི་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ནི་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་དང་། དེ་བཞིན་ཉིང་ཁྲི་གོང་འཕེལ་གཏོང་བའི་གལ་ཆེའི་འཐབ་ཇུས་ཀྱི་གོ་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་དང་། བཀྲ་ཤིས་པ་དང་། བསྐལ་པ་བཟང་བའི་དོན་ཆེན་ཞིག་ཀྱང་རེད། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་འགན་འཁུར་བའི་རྣམ་འགྱུར་དང་གཟབ་ནན་ཞིབ་ཚགས་ཀྱི་སྤྱོད་ཚུལ་ཐོག་ནས་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་ནི་ཚན་ཁག་ཡག་པོ་བརྗེ་བ་དང་སྣང་ཚུལ་ཡག་པོ་བརྗེ་བའི་འགག་རྩ་ཡིན་པར་ངོས་འཛིན་གང་ལེགས་བྱེད་པ་དང་། ཀྲུང་དབྱང་གི་“གཏན་འགོག་བཅུ”དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་ནན་པོ་བྱེད་པ། སྐབས་བརྗེའི་འདེམས་བསྐོའི་གཏན་འབེབས་ཁག་ནན་པོ་སྲུང་བ་བཅས་བྱས་ནས་འཆར་གཞི་ཡག་པོ་འགོད་པ་དང་། ལས་བྱེད་པ་ཡག་པོ་འདེམས་པ། ཚན་ཁག་ཡག་པོ་འདེམས་པ། སྟོན་ཕྱོགས་ཡག་པོ་འཛུགས་པ། རྣམ་པ་བཟང་པོ་ཆགས་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག་ཉེ་དུས་ཀྲུང་གོ་གུང་ཁྲན་ཏང་ཉིང་ཁྲི་གྲོང་ཁྱེར་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་། ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་ཡོད།

བདེ་སྐྱིད་ཀྱིས་བསྒྱུར།

查看本期全部内容