སྤོ་བོ་རྫོང་གིས། 2026ལོའི་རྒྱལ་ཡོངས་ཀྱི་སྨན་རྫས་བདེ་འཇཊ་དྲིལ་བསྒྲགས་གཟའ་འཁོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

林芝报-藏文版  2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར་སྤོ་བོ་རྫོང་གིས་2026ལོའི་རྒྱལ་ཡོངས་ཀྱི་སྨན་རྫས་བདེ་འཇཊ་དྲིལ་་བསྒྲཊ་གཟའ་འཁོར་གྱི་དྲིལ་བསྒྲཊ་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་དྲིལ་བསྒྲཊ་སྟེཊ་བུ་འཛུགས་པ་དང་། བརྗོད་དོན་གཙོ་བོའི་འཕྲེད་འགེལ་སྦྱར་ཡིག་བཀལ་བ། དྲིལ་བསྒྲགས་འགྲེམས་པང་སྟོན་པ།སྨན་རྫས་བདེ་འཇཊ་ཀྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲཊ་ལག་དེབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་སྨན་རྫས་བདེན་རྫུན་དབྱེ་འབྱེད་དང་། ཁྱིམ་ཚང་གི་རྒྱུན་གྲབས་སྨན་རྫས་གསོག་ཉར། དུས་ཚོད་ཡོལ་བའི་སྨན་རྫས་ཐག་གཅོད། འཕྲོད་སྦྱོར་ཐོན་རྫས་དང་སྨན་རྫས་དབྱེ་འབྱེད་སོགས་ཀྱི་ཉེར་སྤྱོད་ཤེས་བྱ་འགྲེལ་བཤད་བརྒྱབ་ནས་ཚང་མར་སྨན་རྫས་རྫུན་མའི་བརྡ་ཁྱབ་ལ་ཡིད་ཆེས་གང་བྱུང་བྱེད་མི་རུང་བ་དང་ཡོང་ཁུངས་མི་གསལ་བའི་སྨན་རྫས་ཉོ་རྒྱུ་མེད་པའི་དྲན་སྐུལ་བྱས་ཏེ་མང་ཚོགས་ལ་ཚན་རིག་དང་མཐུན་པ་དང་བདེ་འཇགས་ཀྱིས་སྨན་བེད་སྤྱོད་བྱེད་པའི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད།