ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ ལག་དངུལ་ཁང་གིས་དངུལ་ལོར་རྫུན་མར་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་བ།

林芝报-藏文版  2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།སྤྱི་དམངས་ཀྱི་དངུལ་ལོར་རྫུན་མར་དོགས་ཟོན་བྱེད་པའི་འདུ་ཤེས་ཟབ་གཏོང་དང་དངུལ་ལོར་རྫུན་མ་དབྱེ་འབྱེད་ཀྱི་ནུས་པ་ཆེ་རུ་བཏང་ནས་མི་དམངས་ཤོག་སྒོར་འཁོར་རྒྱུག་གི་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད།ཟླ་9ཚེས་15ཉིན་ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུད་དང་མཉམ་འབྲེལ་ཐོག་སྨན་གླིང་གྲོང་ཁྱེར་ཕད་གྲོང་རྡལ་དུ་དངུལ་ལོར་རྫུན་མར་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱས་ནས་དངུལ་ལོར་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་དངུལ་ཁང་གི་ལས་དོན་མི་སྣས་དྲིལ་བསྒྲགས་དངུལ་ལོར་ལྟེབ་བརྩེགས་རྒྱག་པ་དང་དངུལ་ལོར་དངོས་གནས་དང་ཞིབ་བསྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ཁོངས་གཏོགས་ཁུལ་གྱི་གྲོང་མི་དང་ཁྲོམ་གཞུང་རྒྱལ་རྒྱུད་ཀྱི་ཚོང་དུད་སོགས་ཚོགས་སྤྱིར་ད་ལྟ་འཁོར་རྒྱུག་བྱེད་བཞིན་པའི་མི་དམངས་ཤོག་སྒོར་གྱི་རྫུན་འགོག་ཁྱད་ཆོས་སྣ་ཚོགས་ལ་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་དང་།དངུལ་ལོར་གྱི་ཡིག་རིགས་ལ་ལྟ་ཞིབ་དང་། དངུལ་ལོར་སྒང་གི་བརྐོས་རིས་ལ་ཕུར་ཕུར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་དམངས་ཤོག་སྒོར་བདེན་རྫུན་དབྱེ་འབྱེད་ཀྱི་རྩལ་ནུས་མགྱོགས་མྱུར་ཁོང་དུ་ཆུད་རྒྱུར་ཁྲིད་སྟོན་བྱས་པ་རེད། དེ་དང་ཆབས་ཅིག་སྤྱི་བདེ་མི་དམངས་ཉེན་རྟོག་པས་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་དངུལ་ལོར་རྫུན་མ་དབྱེ་འབྱེད་དང་དཔལ་འབྱོར་ཉེས་གསོག་སྣ་ཚོགས་ལ་དོགས་ཟོན་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་དང་བདེ་འཇགས་ཀྱི་རྒྱུན་ཤེས་གཙོ་གནད་ཐོག་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་བཏང་བ་རེད།

སྨན་གླིང་གྲོང་ཁྱེར་ཕད་གྲོང་རྡལ་གྱི་ཁྲོམ་གཞུང་རྒྱལ་རྒྱུད་ཀྱི་ཚོང་དུད་སྐུ་ཞབས་མཱ་ལགས་ཀྱིས་དེ་སྔོན་དངུལ་རྫུན་མ་བེད་སྤྱོད་གཏོང་མི་རུང་བ་ལས་གང་འདྲ་བྱས་ནས་དབྱེ་འབྱེད་བྱེད་དགོས་མིན་ཤེས་ཀྱི་མེད། དེ་རིང་དངུལ་ཁང་གི་ལས་དོན་མི་སྣས་ངང་རྒྱུད་རིང་པོས་དངུལ་ལོར་རྫུན་མ་དབྱེ་འབྱེད་བྱེད་སྟངས་སློབ་བྱུང་ཞེས་བརྗོད།

ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་དངུལ་ལོར་རྫུན་མར་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་རྒྱུན་རྣམ་ཅན་དང་རྣམ་པ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས“དངུལ་ལོར་རྫུན་མར་ངོ་རྒོལ་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པའི”སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་མུ་མཐུད་བཏོད་དེ་མི་དམངས་མང་ཚོགས་ཀྱི“དངུལ་ཁུག”གི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་ཡིན་པའི་རྣམ་འགྱུར་བསྟོན་ཡོད་པ་རེད།