ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་ཁག་གིས། 2026ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ།

林芝报-藏文版  2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།དྲ་རྒྱའི་བདེ་འཇཊ་ཤེས་བྱ་སྔར་བས་ཁྱབ་གདལ་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་ལ་དོགས་ཟོན་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ།བདེ་འཇགས་དང་སྐྱོན་བྲལ་གྱི་དྲ་རྒྱའི་ཁོར་ཡུག་གང་ལེགས་གཏོད་ཆེད།ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱི་རྫ་ཡུལ་རྫོང་དང་།སྣང་རྫོང་།སྤོ་བོ་རྫོང་།མེ་ཏོག་རྫོང་བཅས་ཀྱིས་2026ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་དེ་འཕྲེད་འགེལ་སྦྱར་ཚིག་བཀལ་བ་དང་།དྲིལ་བསྒྲགས་འགྲེམས་པང་སྟོན་པ། ས་གནས་ས་ཐོག་ཏུ་འགྲེལ་བཤད་དང་གྱོད་དཔེའི་ཚན་རིག་ཁྱབ་གདལ་དང་ཤེས་བྱ་མཉམ་འགུལ།དེ་བཞིན་དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་དང་ས་གནས་ས་ཐོག་ཏུ་དོགས་གཞིར་ལན་འདེབས་པ་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་

ནས་སྤེལ་བ་རེད།

ལས་དོན་མི་སྣས་མང་ཚོགས་ཀྱིས་རྒྱུན་གཏན་དྲ་བ་བེད་སྤྱོད་བྱེད་པ་དང་ལག་ཐོགས་ཁ་པར་ཐོག་ནས་དངུལ་གཏོང་སྤྲོད་བྱེད་པ།འཕྲིན་ཐུང་ལ་ལྟ་བ།མ་འཇོག་བྱས་ནསརྒྱུ་ནོར་བདག་གཉེར་བྱེད་པ་སོགས་ཀྱི་སྣང་ཚུལ་མང་པོ་དང་ཟུང་འབྲེལ་བྱས་ཏེ་གཙོ་གནད་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་།རྒན་གསོར་ཁ་བསླུས་རྒྱག་པ།རྩིས་ཐོ་གཡོ་སྒྱུར་བྱེད་པ། དེ་བཞིན་ཆ་འཕྲིན་རྫུན་མ་བཟོ་བ་དང་མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བ་སོགས་རྒྱུན་མཐོང་གི་དྲ་རྒྱའི་བདེ་འཇགས་ཉེན་ཁར་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་མ་ཟད་གྱོད་དཔེ་ངོ་མའི་ཁ་བསླུས་རྒྱག་པར་སྔོན་འགོག་དང་བདེ་འཇགས་ངང་དྲ་རྒྱ་སྤྱོད་པ་དང་། དངུལ་སྒྱུར་གཟབ་ནན་བྱེད་པ། ར་སྤྲོད་ཨང་རྟགས་དང་དངུལ་ཁང་གཱ་ཡི་ཆ་འཕྲིན་སྲུང་སྐྱོང་བྱེད་པ་སོགས་ཀྱི་སྔོན་འགོག་ཤེས་བྱ་སྒྲོལ་འགྲེལ་བྱས་ནས་མང་ཚོགས་ལ་དྲ་རྒྱའི་ཉེན་ཁ་སྣ་ཚོགས་ངོས་འཛིན་གསལ་པོ་དང་འགོག་སྲུང་རྩལ་ནུས་ཁོང་དུ་ཆུད་པར་ཁྲིད་སྟོན་བྱས་ཡོད།

གཞན་ཡང་བྱེད་སྒོའི་ཁྲོད་དྲ་རྒྱའི་བདེ་འཇཊ་རྒྱུན་ལྡན་ཤེས་བྱ་དང་འབྲེལ་བའི་མཉམ་འགུལ་བྱེད་སྒོ་བཀོད་སྒྲིག་བྱས་ནས་སྤྲོ་སྣང་དང་མཉམ་འགུལ་གྱི་རྣམ་པའི་ཐོག་ནས་དྲ་རྒྱའི་བདེ་འཇགས་ཤེས་བྱ་ཚང་མའི་སེམས་ནང་ཟུག་ཐུབ་པ་བྱུང་ཡོད།

རྫ་ཡུལ་རྫོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་མི་སྣ་ལི་ལིང་གིས། ད་ཐེངས་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་དེ་དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་ལ་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས་པ་བརྗོད་དོན་གཙོ་བོར་བྱས་ནས་རིག་ནུས་

དུས་རབས་ཀྱི་དྲ་རྒྱའི་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད་དྲ་རྒྱའི་ཁ་བསླུས་སྔོན་འགོག་དང་གསང་བ་སྲུང་སྐྱོབ།དེ་བཞིན་དྲ་རྒྱའི་བདེ་འཇགས་འདུ་ཤེས་མཐོ་རུ་གཏོང་ཆེད་དུ་ཡིན།སླད་ཕྱིན་ང་ཚོས་རྒྱུན་རྣམ་ཅན་གྱི་སྒོ་ནས་དྲ་རྒྱའི་བདེ་འཇགས་ཤེས་བྱ་དྲིལ་བསྒྲཊ་བྱས་ཏེ་དམངས་ཡོངས་ཀྱིས་དྲ་རྒྱའི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས་དྭངས་གཙང་དང་།བདེ་འཇགས། སྐྱོན་བྲལ་བཅས་ཀྱི་དྲ་རྒྱའི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད།