logo
查看本期全部内容

2026ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇཊ་དྲིལ་བསྒྲཊ་གཟའ་འཁོར་གྱི་ཉིང་ཁྲི་གྲོང་ཁྱེར་གྱི་འགོ་ཚུཊ་མཛད་སྒོ་སྨན་གླིང་གྲོང་ཁྱེར་དུ་འཚོཊ་པ།

林芝报-藏文版&nbsp&nbsp2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར་2026ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ཉིང་ཁྲི་གྲོང་ཁྱེར་གྱི་འགོ་ཚུཊ་མཛད་སྒོ་སྨན་གླིང་གྲོང་ཁྱེར་སྐྱ་མོའི་རིག་གནས་བྱེད་སྒོའི་ལྟེ་གནས་ སུ་འཚོགས་པ་དང་བྱེད་སྒོའི་ནང་ཉིང་ཁྲི་གྲོང་ཁྱེར་གྱི་དྲ་རྒྱའི་བདེ་འཇཊ་ཀྱི་ཉེན་ཁའི་གནས་ཚུལ་བརྡ་ཁྱབ་བརྙན་ལམ་བསྟན་ནས་གྲོང་ཁྱེར་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་དང་ཉམས་ཞན་ལྷུ་ཚིཊ་གསེད་བཀྲོལ་བྱེད་པ་དང་།གྲངས་གཞི་ཅན་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་དྲ་རྒྱའི་བདེ་འཇགས་ལ་འཕྲད་པའི་དུས་བབ་གསར་པ་དང་འགྲན་སློང་གསར་པར་དབྱེ་ཞིབ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཚན་པ་ཁག་གིས་དྲ་རྒྱའི་བདེ་འཇགས་ཀྱི་གཙོ་གཟུཊ་འགན་འཁྲི་དམ་པོར་བརྟན་སྲུང་བྱ་རྒྱུར་སྐུལ་འདེད་བྱས་ཏེ་དྲ་རྒྱའི་བདེ་འཇཊ་ནན་སྲུང་བྱས་ཡོད་པ་རེད།

ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་དྲ་རྒྱའི་བདེ་འཇགས་ཀྱི་རྒོལ་འགོག་དངོས་འཐབ་འགྲེམས་སྟོན་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དང་ས་གནས་ས་ཐོག་ཏུ་ཆེད་ལས་ལག་རྩལ་ཚོགས་པས་དྲ་ཚིགས་དབྱེ་འབྱེད་དང་།དྲ་ངོས་བཟོ་བཅོས་སྔོན་འགོགAIཡི་ཉེན་ཁ་གསར་པ་ལས་གཡོལ་བ་སོགས་ལས་ཀ་དང་འཚོ་བའི་ཁྲོད་ཐོན་པའི་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་དངོས་སྦྱོང་བྱས་ནས་སྟབས་བདེ་དང་སྤྱོད་གོ་ཆོད་པའི་འགོག་སྲུང་བྱ་ཐབས་རིམ་པ་རེ་རེ་བཞིན་ཁྲིད་སྟོན་བྱས་པ་རེད།

གྲོང་ཨུད་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་མཐུན་སྦྱོར་ཁོའོ་ཡི་ཁོའོ་ཀྲང་ཝང་ལིའུ་ཅེ་ཡིས།འདི་ལོའི་རྒྱལ་ཁབ་དྲ་རྒྱའི་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོ་ནི་དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་ལ།དྲ་རྒྱའི་བདེ་འཇགས་ནི་མི་དམངས་ལ་བརྟེན་དགོས་ཞེས་པ་དེ་ཡིན།གྲངས་གཞི་ཅན་དང་ཆ་འཕྲིན་ཅན་མཉམ་འདྲེས་གཏིང་ཟབ་བྱུང་བ་དང་ཆབས་ཅིག་སྲིད་དོན་གཞུང་དོན་དམངས་འཚོ་དང་མང་ཚོགས་ཀྱི་འཚོ་བར་ཞབས་འདེགས་ཞུ་བ།མི་མངོན་པའི་རང་བཞིན་དང་རྒྱུན་རྣམ་ཅན་གྱི་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་ཁག་གཅིག་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་ཀྱི་མཐའ་མའི་སྤྱི་ལེ་ཤར་གཏོང་ཐུབ་པ་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་ལས་ཞུངས་དང་ཁེ་ལས།

མང་ཚོགས་ཁྲོད་བསྐྱོད་ཐུབ་པ་བྱ་རྒྱུ་དེ་ཡིན་ཅེས་བརྗོད།

查看本期全部内容