logo
查看本期全部内容

སྣང་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ།

林芝报-藏文版&nbsp&nbsp2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་བའི་ལོ་ཤས་རིང་སྣང་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཟུར་མཁར་སྨན་སྤོས་དེ་གཙོ་གནད་རོགས་སྐྱོར་རྣམ་གྲངས་ནང་བཅུག་པ་དང་། མཉམ་ལས་ཁང་གིས་“མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང”རིམ་སྤོར་གཏོད་རྒྱུར་རྒྱབ་སྐྱོར་བྱས་པ “ཀྲི་པུའུ་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་བཏོད་པ། ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་བ། སྨན་སྤོས་ཐོན་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་མཉམ་ལས་ཁང་བཙུགས་ཚུན རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་1280ལྷག་ཙམ་བྱུང་ནས་དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ཡན་བྱུང་བ་དང་མི་ཐེངས་640ལྷག་ཙམ་ལས་ཞུགས་ཐུབ་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་མང་ཚོགས་འབབ་འཕར།གྲོང་གསེབ་དར་རྒྱས་བཅས་ལ་གཉིས་ཕན་བྱུང་ཡོད།

པར་རིས་འདི་ནི།སྣང་རྫོང་ལ་སྟོད་ཤང་རྩྭ་གྲོང་ཚོའི་མང་ཚོགས་ཀྱིས་མཉམ་ལས་ཁང་ནང་སྨན་སྤོས་བཟོས་ནས་ཐུམ་སྒྲིལ་རྒྱག་བཞིན་པ།

查看本期全部内容