གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་82འཚོགས་པ།

林芝报-藏文版  2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་9ཚེས་14ཉིན།གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་82འཚོགས་ཤིང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ཉི་མ་བཀྲ་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ལིའུ་ཞིན་ཕིན་དང་། དངོས་གྲུབ་རྡོ་རྗེ།ཀྲོའུ་ཁྲོན་ཧྥེང་།ཝང་ཏུང་ཧྲེང་།ལུའོ་ཧེང་ཝེ་བཅས་ཚོགས་འདུར་ཞུགས་ཡོད་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འོས་མི་ཀོའོ་ཡོན་ཧུང་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན་ཨུ་ཡོན། ཀྲུའུ་རེན་ཨུ་ཡོན་གཞོན་པ་སོགས་ཚོཊ་འདུར་ཟུར་ཞུགས་གནང་ཡོད་པ་རེད།

ཚོགས་འདུའི་ཐོག་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་དང་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་《2006ལོའི་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ལས་དོན་སྙན་སྒྲོན་སྐོར་གྱི་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར》ལ་ཞིབ་འཇུག་བྱས་པ་དང། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་《ཉིང་ཁྲི་གྲོང་ཁྱེར་གྱི་2026ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྙན་སྒྲོན་སྐོར་གྱི་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར》དང་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《ཉིང་ཁྲི་གྲོང་ཁྱེར་གྱི་2025ལོའི་སྲིད་གཞུང་གི་བུ་ལོན་དོ་དམ་བྱས་ཚུལ་སྐོར་གྱི་སྙན་སྒྲོནགྱི་གྲོས་ཞིབ་བསམ་འཆར》ལ་ཞིབ་འཇུག་བྱས་པ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཁང་གི《ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འབྲེལ་ཡོད་དོན་ཚན་སྐོར་གྱི་སྙན་ཞུར》ཞིབ་འཇུག་བྱས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཁང་གི་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་བཞི་བཅུ་པའི་གྲོས་འགོའི་གྲོས་རིམ་ལ་ཞིབ་འཇུག་བྱས་པ་རེད།