ཉིང་ཁྲི་གྲོང་ཁྱེར་གྱི་བུ་བཅོལ་ཁང་བཞི་པའི་གསར་གཏོད་རྣམ་པས་སློབ་མ་གསར་པ་དགའ་སྤྲོའི་ངང་བུ་བཅོལ་ཁང་དུ་ཞུགས་རྒྱུར་རམ་འདེགས་བྱས་པ།
林芝报-藏文版  2026-09-18
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་དུས་ཚིགས་སུ་འཛིན་གྲྭ་ཆུང་བའི་སློབ་མ་གསར་པ་ཕ་མ་དང་ཁ་བྲལ་བའི་སེམས་གནད་དང་བུ་བཅོལ་ཁང་དུ་འགྲོ་རྒྱུར་མི་གོམས་པར་བྱེད་པའི་གནད་དོན་ནི་སློབ་ཞུགས་གོང་གི་སློབ་གསོར་ཡོངས་ཁྱབ་ཐོག་འཕྲད་པའི་དངོས་ཡོད་ཀྱི་ཞིབ་འཇུག་བྱ་གཞི་ཞིག་རེད། དེར་བརྟེན་ཉིང་ཁྲི་གྲོང་ཁྱེར་གྱི་བུ་བཅོལ་ཁང་བཞི་པས་ལོ་ན་ཆེ་ཆུང་གི་རིམ་པ་དབྱེ་ནས་བུ་བཅོལ་ཁང་དུ་བསྐྱོད་ནས་དེ་དང་འཚམ་པའི་རྣམ་པ་གསར་པ་གཏོད་ཆེད།ཟླ་8ཚེས་17ཉིན་ནས་ཟླ་9ཚེས་11ཉིན་བར་དྲོ་སྐྱིད་ལྡན་པའི་“ཆེ་བས་ཆུང་བར་སྣེ་ཁྲིད”ཀྱི་རོགས་རམ་ལམ་སྲོལ་བརྒྱུད བུ་བཅོལ་ཁང་གི་སློབ་མ་གསར་པར་དགའ་སྤྲོའི་ངང་སློབ་གྲྭར་ཞུཊ་རྒྱུར་རམ་འདེཊ་བྱས་ཡོད།
སྟོན་འགོའི་དུས་སུ་བུ་བཅོལ་ཁང་བཞི་པར་དྲོ་སོབ་སོབ་དང་བྱིས་པའི་སྤྲོ་སྣང་གིས་ཁེངས། ལུས་རྩལ་ཐང་དུ་འཛིན་གྲྭ་ཆེ་བའི་གྲོགས་པོ་ཆུང་ཆུང་ཚོས་རང་འགུལ་ངང་འཛིན་གྲྭ་ཆུང་བའི་སློབ་མ་གསར་པའི་ལག་ནས་འཇུས་ཏེ་ཁོང་ཚོ་དང་མཉམ་དུ་རོལ་རྩེད་རྩེ་བ་དང་ངང་རྒྱུད་རིང་པོས་སློབ་མ་གསར་པ་སློབ་གྲྭར་རྒྱུས་མངའ་ཡོད་པ་བྱེད་ཀྱི་ཡོད། སློབ་ཁང་ནང་དྲོ་སྐྱིད་ལྡན་པའི་རྣམ་པ་སྣ་ཚོགས་མཐོང་རྒྱུ་ཡོད་ཅིང་།འཛིན་གྲྭ་ཆེ་བ་དང་འབྲིང་བའི་སློབ་མས་སློབ་མ་གསར་པ་དང་མཉམ་དུ་ཁ་ལག་ཟ་བ་དང་། སྡོད་ལུགས་སྡོད་སྟངས་དཔེ་སྟོན་བྱས་པ། ཁ་ལག་ཟ་བའི་གུས་སྲོལ་མཉམ་སྤྱོད་བྱེད་པ། སློབ་ཁང་གི་བཀོད་པར་རྒྱུས་མངའ་བྱེད་པ་ཁྲིད་པ་བཅས་བྱས་ཏེ་བྱིས་པའི་ལྷག་བསམ་ལ་བརྟེན་ནས་སློབ་མ་གསར་པའི་ཆ་རྒྱུས་་མེད་པའི་ཚོར་སྣང་སེལ་ཐབས་བྱེད་ཀྱི་ཡོད།
འཛིན་གྲྭ་ཆུང་བའི་བྱིས་པས་ཕ་མ་དང་ཁ་བྲལ་བའི་སེམས་གནད་སེལ་བ་དང་བུ་བཅོལ་ཁང་དུ་ཞུགས་རྒྱུར་གོམས་ཐུབ་མིན་སོགས་ཀྱི་དངོས་ཡོད་གནད་དོན་ལ་དམིགས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་བུ་བཅོལ་ཁང་བཞི་པས་ཚན་རིག་དང་མཐུན་པའི་འཆར་འགོད་དང་བུ་བཅོལ་ཁང་ཡོངས་ཀྱི་དགེ་རྒན་དང་འཛིན་གྲྭའི་ཐོན་ཁུངས་སྤྱི་འདོམས་བྱས་ཏེ་འཛིན་གྲྭ་ཆུང་བའི་སློབ་མ་གསར་པ་32ཆ་སྙོམས་ངང་སློབ་གྲྭ་ཆེ་བ་དང་འབྲིང་བ་བཞིར་བགོ་བཤའ་བརྒྱབ་ནས་ཆེད་བསྐོས་དགེ་རྒན་གྱི་གནས་གཏན་འཁེལ་གྱི་སྡོད་བྱ་བཀོད་སྒྲིག་དང་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེགས་ལྟ་ཞིབ་བྱས་ཏེ་སློབ་མ་གསར་པས་སློབ་གྲྭར་ཆ་རྒྱུས་མེད་པའི་ཚོར་སྣང་སེལ་རོགས་བྱས་པས་སློབ་མ་གསར་པ་མཉམ་སྡེབ་ཀྱི་འཚོ་བ་དང་འབྲེལ་འདྲེས་ཐུབ་པ་བྱས་ཡོད།
གོམས་པར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་གོམ་པ་རིམ་བགྲོད་དང་དྲོ་སྐྱིད་ཀྱིས་ཁེངས་ཡོད། བུ་བཅོལ་ཁང་གིས“གཅུང་པོ་དང་གཅུང་མོར་གཅེས་སྐྱོང་བྱེད་པའི”བརྗོད་དོན་གཙོ་བོའི་ལོ་ཚད་མཉམ་འདྲེས་ཀྱི་ཀུན་སྤྱོད་བྱེད་སྒོ་སྔ་སྣུར་དུ་སྤེལ་བ་རེད། གཟའ་འཁོར་དང་པོར་ཉིན་ཕྱེད་ལམ་ལུགས་ཀྱི་བུ་བཅོལ་ཁང་དུ་ཡོད་པའི་རྣམ་པ་ལག་བསྟར་བྱས་ཤིང་། སློབ་མ་གསར་པ་རྣམས་འཛིན་གྲྭ་ཆེ་བ་དང་འབྲིང་བའི་གྲོགས་པོ་ཆུང་ཆུང་ཚོའི་རོགས་རམ་འོག་རོལ་རྩེད་དང་། ཕྱི་རོལ་གྱི་འཚོལ་ཞིབ། ས་ཁོངས་བྱེད་སྒོ་བཅས་ཀྱི་ནང་བཞུགས་ནས་སློབ་གྲྭའི་ཁོར་ཡུག་ལ་མགྱོགས་མྱུར་རྒྱུས་མངའ་ལོན་པ་དང་མཉམ་སྡེབ་ཀྱི་རྣམ་པའི་ཁྲོད་མཉམ་འདྲེས་ཐུབ་པ་བྱས་པ།གཟའ་འཁོར་གཉིས་པ་ནས་བཟུང་ཕྱོགས་ཡོངས་ནས་ཉིན་གང་ལམ་ལུགས་ཀྱི་བུ་བཅོལ་ཁང་དུ་བསྒྱུར་བ་དང་། “སྔ་དྲོ་ལོ་ཚད་མཉམ་འདྲེས་ཀྱི་མཉམ་འགུལ་ཉམས་ལེན་དང་ཕྱི་དྲོ་འཛིན་གྲྭ་ཆུང་བའི་ཆེད་གཏོགས་འཚོ་བའི་ཉམས་ལེན་བྱེད་སྟངས་སྤྱད་དེ་ལོ་ན་ཆེ་བའི་སློབ་མས་དཔེ་སྟོན་སྣེ་ཁྲིད་ཀྱིས་སློབ་མ་གསར་པར་བུ་བཅོལ་ཁང་གི་རྒྱུན་གཏན་འཚོ་བ་དང་སྤྱི་ཚོགས་དང་འབྲེལ་གཏུགས་བྱེད་པའི་གུས་ལུགས་ཐད་སྐུལ་ཁྲིད་བྱས་ཏེ་ཁོང་ཚོའི་མཉམ་སྡེབ་ཀྱི་གཏོགས་སེམས་རིམ་བཞིན་བཙུགས་ཡོད་ལ་ལོ་ན་ཆེ་བའི་བྱིས་པ་ཚོས་སློབ་མ་གསར་པར་རོགས་སྐྱོར་བྱེད་པའི་བརྒྱུད་རིམ་ནང་རང་ཉིད་ལ་ཡང་འཚར་ལོངས་དང་སྤྲོ་སྣང་འཕེལ་ཐུབ་ནས་བུ་བཅོལ་ཁང་གི་གང་སར་མཛའ་བརྩེ་དང་དྲོ་སྐྱིད་ལྡན་པའི་དར་སྲོལ་གསར་པ་ཞིག་ཆགས་ཡོད།
ད་རེས་བུ་བཅོལ་ཁང་དུ་འགྲོ་རྒྱུར་གོམས་པ་བྱེད་པའི་གསར་གཏོད་བྱེད་སྒོ་ནི་དྲོ་སྐྱིད་ལྡན་པ་དང་། ཚན་རིག་དང་མཐུན་པ། མི་གཤིས་ཅན་བཅས་ཀྱི་བྱེད་ཐབས་ཤིག་ཡིན་པས་མི་སྣ་གསོ་སྐྱོང་གི་ཕན་འབྲས་བཟང་པོ་ཐོན་ཡོད་ལ། ཁྱིམ་བདག་ཚོའི་ཚད་མཐོའི་ཁས་ལེན་དང་གདེང་འཇོག་བཟང་པོའང་ཐོབ་ཡོད།
རིམ་པ་དབྱེ་ནས་རིམ་སྤོར་དང་ན་ཚོད་མཉམ་བསྲེས་ཀྱིས་བུ་བཅོལ་ཁང་དུ་སྐྱོད་པའི་འཚམ་མཐུན་བྱེད་སྟངས་གསར་གཏོད་བྱས་ཏེ་སློབ་མ་གསར་པ་བུ་བཅོལ་ཁང་དུ་སྐྱོད་པའི་འཚམ་མཐུན་གྱི་དཀའ་གནད་ནུས་ལྡན་སེལ་བ་དང་སློབ་ཞུགས་གོང་གི་སློབ་གསོའི་དངོས་ཡོད་ཞིབ་འཇུག་བྱ་གཞིར་ལན་ཡང་བརྒྱབ་ཡོད། བུ་བཅོལ་ཁང་གིས་དྲོ་སྐྱིད་དང་ཞི་མཐུན་གྱི་མི་སྣ་གསོ་སྐྱོང་གི་ཁོར་ཡུག་བཏོད་དེ་ཀུན་སྤྱོད་སློབ་གསོའི་ལག་ལེན་གྱི་གཞི་རྟེན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཁོར་ཡུག་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་བརྩེ་སེམས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་སྣ་མང་ཅན་གྱི་རིན་ཐང་འདོན་སྤེལ་བྱས་ནས། བུ་བཅོལ་ཁང་གི་འགན་བཅོལ་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་མ་ཟད་འགན་བཅོལ་སློབ་གསོ་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་པ་རེད།