logo
查看本期全部内容

ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་འཛུགས་སྐྱོང་ལས་ཀའི་དངོས་བྲིས།

林芝报-藏文版&nbsp&nbsp2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཏང་འཛུགས་སྐྱོང་དེ་གཏུག་བཤེར་ཞབས་ཞུའི་སྐར་ཁུང་གི་ཏང་ཡོན་གྱི་གདོང་ལེན་ལས་གནས་ཐོག་གནས་པ་དང་།ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་འཐབ་ས་དང་པོར་སྐོར་སྐྱོད་འདྲི་གཅོད་བྱས་ནས་དམངས་ཆེད་ཁྲིམས་འཛིན་བྱེད་པའི་གནས་ཚུལ་ཞིབ་ཕྲ་རེ་རེའི་ནང་བྲིས་ཡོད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་“ཉི་འོད་རྒྱ་སྲང”དང་“གདོང་ལེན་ཁྲིམས་གཏོད”ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཆེན་པོ་གཉིས་ནུས་ཤུགས་ཡོད་རྒུས་བཏོད་དེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁྲིམས་ཁང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཐབས་ལམ་གསར་པ་ཞིག་བཏོད་ཡོད།

ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཏང་ཙུས་“ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། དཔུང་ཁག་འཛུགས་སྐྱོང་ལ་སྐུལ་ཁྲིད། འདྲི་གཅོད་ལ་སྐུལ་འདེད”བཅས་ཀྱི་ལས་ཀའི་གཙོ་རྐང་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་དང་འདྲི་གཅོད་ལག་བསྟར་མཉམ་དུ་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་བཏང་བ་རེད། ཏང་ཀྲི་པུའུ་དང་པོའི་“ཉི་འོད་རྒྱ་སྲང་”དང་། ཏང་ཀྲི་པུའུ་གཉིས་པའི་“གདོང་ལེན་ཁྲིམས་གཏོད”ཀྱི་སྤུས་རྟགས་ཆེན་པོ་གཉིས་གཏོད་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ།ཡོན་ཀྲང་གཞོན་པ།སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་མཚོ་མོས། ཀྲི་པུའུ་དང་པོས་“ཉི་འོད་རྒྱ་སྲང་”ནང་ཏང་ཡོན་གྱི་གདོང་ལེན་ལས་གནས་དང་དཔེ་སྟོན་ཁྲིམས་ར་བཙུགས་པ་དང་ཏང་ཡོན་གྱི་ལག་བསྟར་འཕྲལ་སྒྲུབ་རུ་ཁག་བཙུགས་ནས་ཏང་ཡོན་ལས་བྱེད་པས་དཀའ་གནད་ཡོད་པའི་གྱོད་གཞི་ལག་བསྟར་དང་འགག་སྒྲོལ་བྱེད་རིང་གདོང་མཆོང་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། ཀྲི་པུའུ་གཉིས་པའི་“གདོང་ལེན་ཁྲིམས་གཏོད་”ནང་ཕྱོགས་བསྡུས་འགན་ལེན་དང་། དཔུང་ཁག་དོ་དམ། རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ། སྤྱོད་གཙང་སློབ་གསོ་བཅས་ལ་དམིགས་ནས་འདྲི་གཅོད་ལག་བསྟར་ཆེད་རྒྱབ་ཕྱོགས་བརྟན་པོ་ཞིག་གཏོད་ཡོད་ཅེས་བརྗོད།

གཏུག་བཤེར་ཞབས་ཞུའི་ལྟེ་གནས་དེ་མང་ཚོགས་ཀྱིས་ཁྲིམས་ཁང་དང་འབྲེལ་གཏུག་བྱེད་པའི་འགག་སྒོ་དང་པོ་ཡིན་པའི་ངོས་ནས་ཏང་ཀྲི་པུའུ་དང་པོས་དེ་གར་ཏང་ཡོན་གྱི་གདོང་ལེན་ལས་གནས་བཙུགས་ཏེ་“ཉི་འོད་རྒྱ་སྲང”གི་སྤུས་རྟགས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པའི་ཐོབ་ཐང་གསལ་སྟོན་དང་། ཁས་ལེན་གསལ་སྟོན། བྱ་སྤྱོད་སྤེལ་བ་བཅས་ལ་སྣེ་ཁྲིད་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཐིང་དང་པོའི་ཡོན་ཀྲང་གཞོན་པ་ལི་ལིན་གྱིས། ང་ཚོས་ངོ་བཅར་དུ་ཡོང་མཁན་མང་ཚོགས་ལ་ངང་རྒྱུད་རིང་པོས་སྣེ་ལེན་ཞུས་ཏེ་གྱོད་དོན་ཐོ་འགོད་བློ་འདྲི་དང་། དཔྱད་གཞི་བསྡུ་ལེན། བརྒྱུད་རིམ་མཛུབ་ཁྲིད་བཅས་ཀྱི་ལས་དོན་ཞིབ་ཚགས་ངང་བསྒྲུབས་ནས། མི་དམངས་མང་ཚོགས་ལ་གཏུག་བཤེར་ཞབས་ཞུའི་ཁྲོད་ཁྲིམས་འཛིན་གྱི་དྲོད་ཚད་ཚོར་ཐུབ་པ་བྱས་ཡོད་ཅེས་བརྗོད། ཏང་ཀྲི་པུའུ་གཉིས་པའི་“གདོང་ལེན་ཁྲིམས་གཏོད་”སྤུས་རྟགས་ཀྱིས་ཕྱོགས་བསྡུས་འགན་ལེན་ལ་དམིགས་པ་དང་ཆབས་ཅིག ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱང་འགན་འཁྲི་གལ་ཆེན་ནང་བཅུག་སྟེ། ཏང་ཡོན་ཁྲིམས་དཔོན་གྱིས་སློབ་གྲྭར་བསྐྱོད་དེ་སློབ་གྲྭའི་བརྙས་བཅོས་དང་དྲ་རྒྱའི་བདེ་འཇགས་སོགས་གཞོན་ནུ་ལོ་ཆུང་གི་ཉེ་འགྲམ་གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཁྲིམས་ལུགས་ཁྱབ་གདལ་བཏང་ཡོད།

ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུད་ཀྱི་ཅུད་ཀྲང་གཞོན་པ།རིམ་པ་བཞི་པའི་མཐོ་རིམ་ཁྲིམས་དཔོན་ཀྲང་ཝུན་པིན་གྱིས། ང་ཚོས་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་བརྒྱབ་སྟེ་ཁྲིམས་འཛིན་ལག་ལེན་དེ་གོ་བདེ་བའི་ཁྲིམས་སྐྱོང་ཤེས་བྱར་བསྒྱུར་བ་དང་། མང་ཚོགས་ཀྱི་བཅའ་ཁྲིམས་ངོས་འཛིན་གྱི་གོ་འཛོལ་སེལ་བ། སྤྱི་ཚོགས་ལ་སྤྱི་དམངས་ཀྱིས་ཁྲིམས་ལྟར་དོན་དག་སྒྲུབ་པ་དང་། དོན་དག་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ་བཅས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད་ཅེས་བརྗོད། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཁྲིམས་ཁང་གི་ལས་དོན་ལ་ལྡན་དགོས་པའི་དོན་སྙིང་ཡིན། རྒྱལ་ཁབ་ཀྱི་འདུ་འགོད་གལ་ཆེན་ཉིང་ཁྲིར་དོན་འཁྱོལ་བྱས་ཚུན། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རང་འགུལ་ངང་འཛུགས་སྐྲུན་ཚན་པ་དང་མཉམ་དུ་རྒྱུན་རྣམ་ཅན་གྱི་ཀྲི་པུའུ་མཉམ་སྐྲུན་བྱས་པ་དང་། ཏང་ཡོན་ལས་བྱེད་པ་ཁེ་ལས་དང་ལས་ཡུལ། ལམ་རྒྱུད་བཅས་ཀྱི་གྲོང་ཚོར་བསྐྱོད་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད། སྐོར་སྐྱོད་འདྲི་གཅོད་བཅས་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ལི་ཁྲན་ཅོན་གྱིས། ང་ཚོས་“ཏང་ཙུས་སྤྱི་འདོམས་དང་། ཀྲི་པུས་འགག་སྒྲོལ ཏང་ཡོན་གྱིས་གདོང་མཆོང”བཅས་ཀྱི་ལས་ཀའི་ལམ་སྲོལ་ཧུར་ཐག་བཙུགས་ནས་“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་སྐོར་སྐྱོད་འདྲི་གཅོད་ཟུང་འབྲེལ”གྱི་མཉམ་འདྲེས་ནུས་ལྡན་ལ་སྐུལ་འདེད་བཏང་བས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་འབྲེལ་ཡོད་བྱེད་པོའི་བཅའ་ཁྲིམས་ཀྱི་འདུ་ཤེས་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་འགལ་ཟླ་དང་རྩོད་གཞི་འབོར་ཆེན་ཞིག་ཐོག་མ་ཐག་ཏུ་སེལ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བརྗོད།གཏུག་བཤེར་ཞབས་ཞུའི་སྐར་ཁུང་ནས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་འཐབ་ས་དང་པོ་བར་དང་།སློབ་གྲྭའི་ཁྲིམས་ལུགས་ཁྱབ་གདལ་སློབ་ཁང་ནས་ལག་བསྟར་འགག་སྒྲོལ་གྱི་ས་གནས་ས་ཐོག་བར་ཏང་འཛུགས་སྐྱོང་ནི་སྤྱི་མཚན་ཞིག་མིན་པར་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཏང་འཛུགས་སྐྱོང་གིས་བླ་སྲོག་ཏུ་གཏོད་པ་དང་ཁྲིམས་སྐྱོང་རྩ་བར་བྱས་ནས་ཉིང་ཁྲི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཁྲིམས་འཛིན་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།

查看本期全部内容