རྒྱལ་ཡོངས་དང་བླངས་ཞབས་ཞུའི“བརྒྱ་བཞིའི”ཕུལ་བྱུང་དཔེ་མཚོན་ལྗོངས་ཡོངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་བ།

林芝报-藏文版  2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་14ཉིན་རྒྱལ་ཡོངས་དང་བླངས་ཞབས་ཞུའི“བརྒྱ་བཞིའི”ཕུལ་བྱུང་དཔེ་མཚོན་ལྗོངས་ཡོངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་བ་དང་། གྲོང་ཁྱེར་ཡོངས་ཀྱི་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མིའི་ཚན་པ་དང་སྡེ་ཁུལ་ལས་དོན་པའི་འཐུས་མི་ཁྱོན་མི་170ལྷག་ཙམ་གྱིས་སྒྲོག་འགྲེལ་ཉན་པ་རེད།

བྱེད་སྒོ་སྤེལ་འགོ་ཚུགས་སྐབས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ལས་དོན་པུའི་འབྲེལ་ཡོད་སྒྲོག་འགྲེལ་མི་སྣས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》ལ་དམིགས་ནས་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་བྱས་པ་མ་ཟད་གཞི་རིམ་བཅོས་སྐྱོང་དང་། མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་། དེ་བཞིན་དང་བླངས་ཞབས་ཞུའི་ལས་དོན་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་སྲོལ་གྱི་དོན་སྙིང་གཏིང་ཟབ་གོ་བདེའི་ངང་གསལ་འགྲེལ་བྱས་ནས་གཞི་རིམ་ལས་དོན་པས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དང་བླངས་ཞབས་ཞུའི་ལྷུ་ཚིགས་ཁག་ནང་འདྲེས་རྒྱུར་ཁྲིད་སྟོན་བྱས་ཡོད།

དེ་རྗེས་རྒྱལ་ཡོངས་དང་བླངས་ཞབས་ཞུའི“བརྒྱ་བཞིའི”ཕུལ་བྱུང་དཔེ་མཚོན་ལྗོངས་ཡོངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་ཆུང་གི་ཁོངས་མི་གསུམ་གོ་རིམ་བཞིན་སྟེགས་བུའི་ཐོག་བསྐྱོད་དེ་རང་ངོས་ཀྱི་གཞི་རིམ་འཐབ་ཕྱོགས་དང་པོའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། དང་བླངས་ཞབས་ཞུའི་རྣམ་གྲངས་གཉེར་སྐྱོང་དང་།དམངས་ཕན་ཞབས་ཞུ། དེ་བཞིན་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱས་ཤིང་། དོན་དངོས་དང་གསོན་ཉམས་ལྡན་པའི་འབད་འཐབ་གཏམ་རྒྱུད་རེ་རེ་ལས་དུས་རབས་གསར་པའི་དང་བླངས་པའི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པ་མ་ཟད་ཉིང་ཁྲིའི་དང་བླངས་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལག་ལེན་གྱི་མ་དཔེ་མཁོ་འདོན་བྱས་ཡོད།

སྒྲོག་འགྲེལ་ཧྲིལ་པོར་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་དང་དམངས་འཚོའི་དྲོད་ཚད་གཉིས་ཀ་ལྡན་པས། ལྷག་བསམ་ཟོལ་མེད་ཀྱི་བྱས་རྗེས་ལ་དེ་གར་ཡོད་པའི་མི་སྣའི་དགའ་བསུ་ཚད་མེད་ཐོབ་ཡོད།ཚོགས་ཞུགས་མི་སྣས་སྔོན་ཐོན་དཔེ་མཚོན་ཚད་གཞིར་བྱས་ནས་ལས་གནས་ལ་གཞི་ཚུགས་ཏེ་ཤེས་དཔལ་ལག་ལེན་དང་།མི་རིགས་མཐུན་སྒྲིལ།གཞི་རིམ་བཅོས་སྐྱོང་སོགས་ཀྱི་དང་བླངས་ཞབས་ཞུའི་ནང་ཞུགས་རྒྱུ་ཡིན་ཞེས་བརྗོད།

བདེ་སྐྱིད་ཀྱིས་བསྒྱུར།