ངེད་གྲོང་ཁྱེར་གྱིས་སྤྱོད་ཚུལ་ལེགས་གཏོང་དང་། ཕན་འབྲས་མཐོར་གཏོང་། ཚད་ལྡན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཐོར་འདེགས་བྱ་སྤྱོད་ལས་དོན་གྱི་སྤེལ་རེས་ཚོགས་འདུ་འཚོགས་པ།

山南报藏文   ལོ་ཡག་མཚམས་གཅོད་ཀྱིས་བསྒྱུར།  2026-09-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། ལྷོ་ཁ་གྲོང་ཁྱེར་གྱིས་སྤྱོད་ཚུལ་ལེགས་གཏོང་དང་། ཕན་འབྲས་མཐོར་གཏོང་། ཚད་ལྡན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཐོར་འདེགས་བྱ་སྤྱོད་ལས་དོན་གྱི་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་། ཕན་འབྲས་མཐོར་གཏོང་། ཚད་ལྡན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཐོར་འདེགས་བྱ་སྤྱོད་ལས་དོན་གྱི་སྤེལ་རེས་དཔྱད་གཞིའི་ཡིག་ཆའི་ཐོག་གནང་བའི་མཆན་འགོད་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྣེ་གདོང་ཆུས་དང་། གྲོང་ཨུད་གཞུང་ལས་ཁང་། དེ་བཞིན་མཚོ་སྣ་གྲོང་ཁྱེར་སྦྱོར་ར་ གྲོང་རྡལ་སོགས་ལས་ཁུངས7གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

གྲོང་ཨུད་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ལུའོ་ཏུང་ལེའང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། གྲོང་ཨུད་རྒྱུན་ཨུ། རྩ་འཛུགས་པུའི་པུའུ་ཀྲང་ལི་ཡུའོ་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

ལུའོ་ཏུང་ལེའང་གིས་ནན་བཤད་གནང་དོན། བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་གིས་སྤྱོད་ཚུལ་ལེགས་གཏོང་དང་། ཕན་འབྲས་མཐོར་གཏོང་། ཚད་ལྡན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཐོར་འདེགས་བྱ་སྤྱོད་ནི་སྤྱོད་ཚུལ་འཛུགས་སྐྱོང་གི་དམ་འཛིན་བྱེད་ས་དང་། བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་དགོས་མཁོ་དང་མང་ཚོགས་ཀྱི་རེ་བར་ལན་འདེབས་པའི་ལྡོག་མེད་བླང་བྱ་ཞིག་ཡིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཀྱང་ཡིན། གྲུབ་འབྲས་ལ་ཁས་ལེན་དང་ཞན་ཆ་གསབ་ནས། མཐོར་འདེགས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཐོན་པའི་ཞན་ཆར་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)ལྟ་སྟངས་ཡང་དག་འཛིན་ནས། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ལས་ཀའི་ཞན་ཆ་གསབ་རྒྱུ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དེ་ལས་སྒྲུབ་ལས་གཏོད་དང་དམངས་ལ་ཞབས་འདེགས་ཞུ་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ཐོག་མངོན་པར་བྱེད་པ་དང་། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེར་གཏོང་། བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བཅས་ཀྱི་བྱ་སྤྱོད་དངོས་སུ་འགྱུར་བ་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ད་ཐེངས་ཀྱི་ལས་དོན་སྤེལ་རེས་ཚོགས་འདུ་དེ་གོ་སྐབས་སུ་བྱས་ཏེ། གོམ་སྟབས་རྗེས་མར་བསམ་བློ་གཅིག་གྱུར་དང་། ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱས་ནས། སྔར་བས་བློ་བརྟན་འགྱུར་མེད་དང་། དཔའ་ངར་ཆེད་སྐྱེད། དངོས་སྒྲུབ་སྤྱོད་ཚུལ་བཅས་ལ་བརྟེན་ནས། སྤྱོད་ཚུལ་ལེགས་གཏོང་དང་། ཕན་འབྲས་མཐོར་གཏོང། ཚད་ལྡན་ལ་སྐུལ་འདེད་གཏོང་བའི་མཐོར་འདེགས་བྱ་སྤྱོད་ལ་རྒྱུན་མཐུད་ངང་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

བསོད་བསྟན་གྱིས་ཞུས།