གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་9འཚོགས་པ།

林芝报-藏文版  2026-09-01

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་28ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱི་མངགས་བཅོལ་ལྟར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཧྲི་ཀྲང་དབྱིན་ལི་ཧྥུང་གིས་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་9གཙོ་སྐྱོང་གནང་ནས་《〈ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་གསུང་རྩོམ་གཅེས་བཏུས〉(བམ་པོ་དང་པོ)”ཡི་“ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བའི་འགན་ལེན་བྱེད་དགོས”ཞེས་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། སི་ཁྲོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧུའུ་ཧྥང་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་གནང་ཡོད་པ་རེད།

ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་། ཏང་གི་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་ཏང་སྲིད་གང་འདྲ་ཞིག་འཛུགས་སྐྱོང་བྱ་རྒྱུ་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཅི་འདྲ་ཞིག་འཛུགས་སྐྱོང་བྱ་རྒྱུ་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་ཏང་སྲིད་ཇི་ལྟར་འཛུགས་སྐྱོང་བྱ་རྒྱུའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དང་།

ཏང་ལ་དོ་དམ་དང་ཏང་སྐྱོང་བ་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ཆགས་པ་དང་། “མཐའ་འཁྱོངས་བཅུ་བཞི”ལྟེ་བའི་དོན་སྙིང་དུ་བྱེད་པ། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་སྤྱི་འདོམས་བྱེད་པ་བཅས་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ཕྱོགས་ཁག་ལ་ཕྱོགས་ཡོངས་ནས་ཁྱབ་ཡོད།

དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་ཉམས་མྱོང་གི་ཚད་མཐོའི་སྙིང་བསྡུས་ཤིག་ཡིན་ལ་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་གཞུང་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་བརྟེན་ནས་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་སྟོན་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་།སློབ་སྦྱོང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་།བསམ་བློའི་རང་གཞི།བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟབ་ཏུ་ཏན་ཏིག་གཏོང་དགོས་པ་མ་ཟད་མ་རྩོམ་ཀློག་པ་དང་།མ་ཡིག་སྦྱོང་བ།མ་དོན་རྟོགས་པ་བཅས་ནན་ཏན་བྱེད་པ།ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི་ཚན་རིག་དང་མཐུན་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ།དེའི་སྲོག་ཤིང་གི་དོན་སྙིང་དང་། བསམ་བློའི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་གཏན་འཁེལ་གཉིས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ།སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་དགོས།རིགས་པའི་གཞུང་ལུགས་སློབ་སྦྱོང་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་།ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ཕྱོགས་བསྡུས་འགོ་ཁྲིད་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་ལག་ལེན་ལ་མཛུབ་ཁྲིད་དང་།དཀའ་གནད་སེལ་བ།ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ཉིང་ཁྲིའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་འགྱུར་བ་ཏན་ཏིག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ལིན་ཁོ་ཚུང་དང་། ཉི་མ་བཀྲ་ཤིས། ཚུའེ་ནེང་ཧྥེ། ལི་ཤན་དབྱིན། ཧྥེང་ཡུས་ཀྲུང་། ཚེ་རིང་འབྲིང་བ། ལིའུ་ཁྲུན་ཞང་སོགས་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད། (བདེ་སྐྱིད་ཀྱིས་བསྒྱུར)