ཉིང་ཁྲི་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཏང་ཀྲི་པུས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།
林芝报-藏文版  2026-09-01
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར།ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སྣང་རྫོང་དུ་བསྐྱོད་ནས་ཐོག་མའི་བསམ་འདུན་ཉན་པ་དང་མཐའ་མཚམས་སྲ་བརྟན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་ཞེས་པའི་གི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ཐོག་གསར་བརྗེའི་སློབ་གསོ་དང་། རྒྱལ་ཁབ་བདེ་འཇགས་སློབ་གསོ། མངོན་མིན་རིག་གནས་ཤུལ་བཞག་སོགས་སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ས་གནས་ས་ཐོག་ཏུ་ཞིབ་འཇུག་སློབ་སྦྱོང་དང་མྱོང་ཚོར་བྱེད་པའི་བྱེད་ཐབས་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲིར་ཞུན་བརྡར་བྱས་པ་དང་འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཏང་ཡོན་ལས་བྱེད་པར་བག་ཕེབས་རྣམ་པ་དང་དངོས་ལྗོངས་ཅན་གྱི་ཏང་གཤིས་སློབ་ཁང་བསྐྲུན་པ་རེད།