logo
查看本期全部内容

གྲོང་ཁྱེར་སྲིད་གྲོས་ཀྱིས་ཉིང་ཁྲིའི་མཐའ་མཚམས་བཀོད་སྒྲིག་ས་ཚིགས་ཀྱི་ཁྱད་ལྡན་དཔལ་འབྱོར་ཆུང་གྲས་སྐྱེད་སྲིང་བྱས་ཏེ་ཐོན་ལས་ཆུང་གྲས་ལ་བརྟེན་ནས་མཐའ་བརྟན་འབབ་འཕར་གྱི་ཕན་ནུས་ཆེ་རུ་གཏོང་བའི་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ།

林芝报-藏文版&nbsp&nbsp2026-09-01

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་28ཉིན་གྱི་སྔ་དྲོར་གྲོང་ཁྱེར་སྲིད་གྲོས་ཀྱིས་ཉིང་ཁྲིའི་མཐའ་མཚམས་བཀོད་སྒྲིག་ས་ཚིགས་ཀྱི་ཁྱད་ལྡན་དཔལ་འབྱོར་ཆུང་གྲས་སྐྱེད་སྲིང་བྱས་ཏེ་ཐོན་ལས་ཆུང་གྲས་ལ་བརྟེན་ནས་མཐའ་བརྟན་འབབ་འཕར་གྱི་ཕན་ནུས་ཆེ་རུ་གཏོང་བའི་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཞུང་དབྱི་ཏུང་གིས་ཚོཊའདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་མཐའ་མཚམས་ཀྱི་གནས་སྤོ་བཀོད་སྒྲིག་ས་ཚིགས་ཀྱི་རྗེས་མཐུད་རོགས་སྐྱོར་དང་།ཐོན་ལས་ཆེས་ཆུང་གྲས་སྐྱེད་སྲིང་།དེ་བཞིན་མང་ཚོགས་ཀྱི་ལས་གནས་བརྟན་པོ་དང་འབབ་འཕར།མཐའ་མཚམས་ཡུན་རིང་བདེ་འཁོད་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་གནད་སྨིན་ཐབས་འདོན་དང་།གྲོས་མོལ་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་པ་རེད།ཚོགས་འདུའི་ཐོག་མཐའ་མཚམས་ཀྱི་ཁྱད་ལྡན་དཔལ་འབྱོར་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་གཏོང་དགོས་པ་མ་ཟད་གནས་སྤོའི་རྗེས་མཐུད་རོགས་སྐྱོར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ།དེ་བཞིན་མཐའ་མཚམས་བཅོས་སྐྱོང་དེང་རབས་ཅན་མཐོ་རུ་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་བ་དང་།གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་མཐའ་མཚམས་ཡུན་རིང་བདེ་འཁོད་སྲུང་སྐྱོང་བཅས་ཀྱི་འགག་རྩའི་བྱེད་ཐབས་ཤིག་ཀྱང་རེད་ཅེས་སྟོན་ཡོད།

ཚོགས་འདུའི་ཐོག་མཐའ་མཚམས་བཀོད་སྒྲིག་ས་ཚིགས་ཀྱི་རྗེས་མཐུད་རོགས་སྐྱོར་དང་དཔལ་འབྱོར་འཕེལ་རྒྱས་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས་སྡེ་ཚན་ཁག་གིས་མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་པོ་འཛུགས་དགོས།ལས་ཀའི་བཀག་རྒྱ་མེད་པར་བཟོ་བ་དང་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།དེ་བཞིན་བཀག་སྡོམ་དོན་འཁྱོལ་མ་ལག་འཛུགས་དགོས་པ་མ་ཟད་གྲོས་མོལ་གྱི་གྲུབ་འབྲས་ལ་བརྟེན་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱེད་དགོས།འབབ་འཕར་ལ་སྐུལ་འདེད་བཏང་ནས་མཐའ་མཚམས་སྲ་བརྟན་གྱི་དངོས་སྒྲུབ་བྱེད་ཐབས་དང་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཡུལ་བབ་དང་བསྟུན་ནས་སྒོ་རའི་འདེབས་གསོ་དང་།ནགས་ཁྲོད་དཔལ་འབྱོར།དེ་བཞིན་ལག་ཤེས་ལས་སྣོན་སོགས་ཐག་ཉེ་སའི་འབབ་འཕར་ཐོན་ལས་འཕེལ་རྒྱས་གཏོང་དགོས།ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ནས་ཐོན་ལས་ཆུང་གྲས་ལ་བརྟེན་ནས་འབབ་འཕར་ཆེན་པོ་སྐུལ་འདེད་གཏོང་བ་དང་།དཔལ་འབྱོར་ཆུང་གྲས་ལ་བརྟེན་ནས་མཐའ་མཚམས་ཆེན་པོ་བརྟན་དུ་གཏོང་བ་བཅས་དངོས་སུ་མངོན་འགྱུར་བྱས་ཏེ་གནས་སྤོས་མང་ཚོཊ་བརྟན་པོ་དང་།མཉམ་འདྲེས་ཐུབ་པ། ཕྱུག་འགྱུར་ཐུབ་པ།བརྟན་སྲུང་ཐུབ་པ་བཅས་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་གསུང་གནང་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་སྲིད་གྲོས་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱིས་བརྟག་ཞིབ་གྲུབ་འབྲས་དང་།ཨུ་ཡོན་གྱི་གྲོས་འགོ སྡེ་ཚན་གྱི་ལན་སློག་བཅས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ཏེ་སྤུས་ཚད་མཐོ་བའི་ཆེད་དོན་གྲོས་མོལ་སྙན་ཞུ་གྲུབ་ནས་གོ་རིམ་ལྟར་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་ཇུས་ཐག་གཅོད་པའི་དཔྱད་གཞིར་འབུལ་དགོས།གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་མཐའ་མཚམས་ཀྱི་ཐོན་ལས་ཆུང་གྲས་སྐྱེད་སྲིང་ལ་མུ་མཐུད་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་དང་།མཐའ་མཚམས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཡོང་བར་སྲིད་གྲོས་ཀྱི་སྟོབས་ཤུགས་ལེཊ་སྐྱེས་སུ་འབུལ་དགོས་པའི་ཐུཊ་རེ་གནང་ཡོད།

查看本期全部内容