<div style='font-size: 22px!important;line-height: 34px!important;text-align: justify!important;color: #000!important'>ཉིང་ཁྲི་གྲོང་ཁྱེར་གྱིས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་འཛུགས་སྐྲུན་གད་སྙིགས་བཅོས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།</div><div style='font-size: 14px!important;line-height: 22px!important;text-align: left!important;color: #777!important;margin-top: 20px;'>林芝报-藏文版  2026-08-18</div><div><img id='paperImg' style='max-width: 100%;height: auto' src='https://img.founderfx.cn/epaper/202608/18/7f7a51d59bb843ddb17630a9ae8ed043/3.jpg' alt='' class='page-img'/></div><p>འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉིང་ཁྲི་གྲོང་ཁྱེར་གྱིས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་འཛུགས་སྐྲུན་གད་སྙིགས་བཅོས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་ཐག་གཅོད་དོ་དམ་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད། འདི་ལོ་ཚུན། ཉིང་ཁྲི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འཛུགས་སྐྲུན་གད་སྙིགས་གཙང་སེལ་གང་བྱུང་གི་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་བྱས་ཏེ་མཛེས་བཟོ་བྱ་ཡུལ་དང་ཨར་སྐྲུན་བྱ་ཡུལ་སོགས་གཙོ་གནད་ས་ཁོངས་ལ་དམིགས་ནས་འཛུགས་སྐྲུན་གད་སྙིགས་500ལྷག་ཙམ་གཙང་སེལ་བྱས་པ་མ་ཟད་དྲིལ་བསྒྲགས་དཔྱད་ཡིག་300ལྷག་ཙམ་དང་འཛུགས་སྐྲུན་གད་སྙིགས་སྐྱེལ་འདྲེན་བྱ་རྒྱུའི་འཛིན་ཡིག་230ལྷག་ཙམ་ཡང་སྤྲད་པས་དོ་དམ་ཚོད་འཛིན་གྱི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་པ་རེད། མ་དངུལ་སྒོར་ཁྲི་79.5བཏང་ནས་འཛུགས་སྐྲུན་གད་སྙིགས་ལྟ་སྐུལ་དོ་དམ་ལས་སྟེགས་བསྐྲུན་ཏེ་འཛུགས་སྐྲུན་གད་སྙིགས་དོ་དམ་ཚད་ལྡན་ཅན་དང་རིག་ནུས་ཅན་བཅས་ལ་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་ཡོངས་སུ་ད་ཆ་འཛུགས་སྐྲུན་གད་སྙིགས་གཙང་སེལ་བྱ་ཡུལ་12ཡོད་པའི་ནང་ཐོན་ཁུངས་ཅན་གྱི་གཙང་སེལ་བཟོ་གྲྭ་3ཡོད་པ་དང་ལོ་རེར་གཙང་སེལ་བྱེད་ཚད་ཏུན་ཁྲི་21.9ཟིན་པ། གནས་སྐབས་སྤུང་གསོག་བྱ་ཡུལ་4ཡོད་པ་དང་གད་སྙིགས་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་14.2ཟིན་པ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་ཁག་5འཛུགས་སྐྲུན་བྱེད་བཞིན་ཡོད། བྲག་ཡིབ་ཆུད་ཀྱི་འཚོ་བ་དང་འཛུགས་སྐྲུན། དེ་བཞིན་ཐབ་ཚང་བཅས་ཀྱི་གད་སྙིགས་ཕྱོགས་བསྡུས་གཙང་སེལ་རྣམ་གྲངས་ཀྱི་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པ་ཁག་སོ་སོར་98%དང་54%ལེགས་གྲུབ་ཟིན་ནས་སྔོན་དཔག་བྱས་ན་འདི་ལོའི་ཟླ་10པའི་བསྐྲུན་ནས་བེད་སྤྱོད་ཐུབ་རྒྱུ་རེད།</p>