ཀྲོ་མ་ཀྲུའི་ཐོན་ལས་ཀྱི་རྣམ་པ་གསར་པ་བཏོད་པ།
林芝报-藏文版  2026-08-18
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཚན་རྩལ་ནི་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོག་ཤིང་གི་འདེགས་སྐྱོར་ཞིག་རེད། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞིང་ལས་ཀྱི་སྣ་ཁ་ལེགས་བཅོས་དང་ཚན་རྩལ་གྲུབ་འབྲས་དོན་འཁྱོལ་གཞན་སྒྱུར་བྱེད་མགྱོགས་སུ་བཏང་སྟེ་ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁག་གཅིག་ཚོད་ལྟའི་ཞིང་ཁ་ནས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་འདེབས་འཛུགས་ཕྱོགས་སུ་བསྐྱོད་ཡོད། ཀྲོ་མ་ཀྲུར་འཚོ་བཅུད་ཀྱི་རིན་ཐང་མཐོ་བ་དང་ལས་སྣོན་ཞིབ་ཚགས་ཀྱི་རིན་ཐང་གཉིས་ཀ་ལྡན་པས་ཉིང་ཁྲི་གྲོང་ཁྱེར་གྱི་ཚན་རྩལ་དཔེ་སྟོན་གླིང་གི་ལག་རྩལ་ནུས་པ་དང་གྲུབ་འབྲས་གཞན་སྒྱུར་ལ་བརྟེན་ནས་ཀྲོ་མ་ཀྲུ་ཆུང་ཆུང་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་“ཕྱུག་འགྱུར་གྱི་འབྲས་བུ”ཞིག་ཏུ་གྱུར་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན གླིང་ཁུལ་གྱིས་མིག་སྔར་ཀྲོ་མ་ཀྲུའི་སྣ་ཁ་118ཀྱི་དཔྱད་བསྡུར་ཚོད་འདེབས་ལས་དོན་གཅིག་སྡུད་ཐོག་སྤེལ་བ་དང་། སྣ་ཁ་མང་པོ་འདེམས་སྒྲུག་དང་དཔྱད་བསྡུར་བྱས་པ་བརྒྱུད་སྤུས་ལེགས་སྣ་ཁ་ཉར་འཇོག་བྱས་ཏེ་རྗེས་མཐུད་གཞི་ཁྱོན་ཅན་གྱི་ཁྱབ་གདལ་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།