logo
查看本期全部内容

བྲག་ཡིབ་ཆུད་ཀྱིས་རིག་གནས་ཁྱིམ་ཚང་དུ་སྤེལ་བའི“གཅིག་བྱེད་པ་ལྔའི”རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

林芝报-藏文版&nbsp&nbsp2026-08-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་13ཉིན། བྲག་ཡིབ་ཆུད་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོངས་གཏོགས་ཁུལ་གྱི་དབང་པོ་སྐྱོན་ཅན་དང་མཉམ་དུ་རིག་གནས་ཁྱིམ་ཚང་དུ་སྤེལ་བའི“གཅིག་བྱེད་པ་ལྔའི”རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།

བྱེད་སྒོས་དཔེ་དེབ་གཅིག་ཀློག་པ་དང་། གློག་བརྙན་གཅིག་ལྟ་བ། རིག་རྩལ་བྱེད་སྒོར་ཐེངས་གཅིག་ཞུགས་པ། འགྲེམས་སྟོན་ཐེངས་གཅིག་ལྟ་བ། སྐུལ་ལྕག་སློབ་གསོ་ཐེངས་གཅིག་སྤེལ་བ་བཅས་ནང་དོན་ལྔ་ལ་དམིགས་ཏེ་སྤེལ་ཡོད། ཚང་མས་མོན་གྲོང་གྲོང་ཚོའི་བདེ་སྐྱིད་ལ་བསྟོད་པའི་འགྲེམས་ཁང་ལ་ལྟ་སྐོར་བྱས་ཏེ་དམངས་སྲོལ་རིག་གནས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་མྱོང་རོལ་བྱས་ཡོད། ས་གནས་ས་ཐོག་ཏུ་དབང་པོ་སྐྱོན་ཅན་གྱི་ཁ་གསབ་དང་། ལས་ཞུགས་རོགས་སྐྱོར་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་བྱས་པ་དང་ཆབས་ཅིག་ཡར་སྐུལ་གྱི་གཏམ་རྒྱུད་མཉམ་སྤྱོད་དང་། རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་ལྟ་བ། སྤྲོ་སྣང་ལྡན་པའི་རིག་རྩལ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཡོད།

བྱེད་སྒོས་དབང་པོ་སྐྱོན་ཅན་མང་ཚོགས་ཚོར་ཐུགས་ཁུར་ཟབ་མོ་སྦྱིན་ནས་ཁོང་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་སྣང་བཅས་ཆེ་རུ་བཏང་ནས་དབང་པོ་སྐྱོན་ཅན་དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་འཚོ་བའི་ནང་ཞུགས་རྒྱུར་རམ་འདེགས་བྱས་ཡོད།

བྲག་ཡིབ་ཆུད་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་མཚོ་མོས། ད་ཐེངས་ཀྱི་བྱེད་སྒོ་ནང་དཔེ་ཀློག་དང་། གློག་བརྙན་ལྟ་བ། ལྟ་སྐོར་བྱེད་པ། རིག་རྩལ་ཉམས་ལེན། རོལ་རྩེད་བཅས་བྱས་པ་བརྒྱུད་དབང་པོ་སྐྱོན་ཅན་ཚོར་ཕན་པའི་སྲིད་ཇུས་སྒྲོག་འགྲེལ་བྱེད་ཐུབ་པ་མ་ཟད། ཁོང་ཚོར་རང་ཚུགས་རང་འབད་དང་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུར་སྐུལ་ལྕག་ཀྱང་བྱེད་ཐུབ་ཅེས་བརྗོད།

查看本期全部内容