logo
查看本期全部内容

2026ལོའི་སྨིན་གླིང་གྲོང་ཁྱེར་གྱིས་སེ་འབྲུ་བཞིན་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་གྱིས་འབྱུང་འགྱུར་ལ་ཕྱོགས་ཞེས་པའི་གཞོན་ནུ་ལོ་ཆུང་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་དབྱར་སྒར་བྱེད་སྒོ་གཉེར་བ།

林芝报-藏文版&nbsp&nbsp2026-08-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་6ཉིན་ནས་ཚེས་12ཉིན་བར་གུང་གཞོན་ཚོགས་པ་སྨན་གླིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་།གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། གྲོང་ཁྱེར་སློབ་གསོ་ཅུད་བཅས་ཀྱིས་གཙོ་གཉེར་བྱས་ཤིང་ཀོང་ཏུང་ཞིང་གི་དུས་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་སྨན་གླིང་ལས་དོན་ཚོགས་ཆུང་སོགས་ཕྱོགས་མང་པོས་གཞོགས་འདེགས་བྱས་ནས་གཉེར་བའི་2026ལོའི་སེ་འབྲུ་བཞིན་ཁྱིམ་ཚང་གཅིག་ལྟར་བརྩེ།བློ་སེམས་གཅིག་མཐུན་གྱིས་འབྱུང་འགྱུར་ལ་ཕྱོགས་ཞེས་པའི་གཞོན་ནུ་ལོ་ཆུང་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་དབྱར་སྒར་བྱེད་སྒོ་ཀོང་ཀྲོའུ་དང་ཀྲུའུ་ཧའེ་རུ་གཉེར་བ་རེད།

ད་ཐེངས་ཀྱི་དབྱར་སྒར་ནང་ལོ་ཆུང་གི་ཞིབ་སྦྱོང་དང་གཞོན་ནུའི་ལས་གཏོད་ཞིབ་སྦྱོང་བཅས་ཚོགས་ཆུང་ཆེན་པོ་གཉིས་བཙུགས་ནས་སྨིན་གླིང་གི་དགེ་སློབ་དང་དེ་བཞིན་གཞོན་ནུའི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཉིན་བདུན་གྱི་ཞིབ་སྦྱོང་བྱས་པ་དང་། གསར་བརྗེའི་སློབ་གསོ་དང་། རིག་གནས་འཚོལ་ཞིབ། རྒྱལ་ཁབ་ཆེན་པོའི་ལས་གཞི་དང་ཚན་རྩལ་གསར་གཏོད་ཉམས་ལེན། སློབ་གྲྭའི་དབར་གྱི་མཛའ་གྲོགས་དང་མངོན་མིན་རིག་གནས་ཤུལ་བཞག་མཉམ་འགུལ་བཅས་ཁག་ཆེན་པོ་དྲུག་ལ་དམིགས་ནས་ཀྲུང་ཧྭ་མི་རིཊ་གཅིག་མཐུན་འཚོཊ་པའི་འདུ་ཤེས་བརྟན་པོ་འཛུཊ་རྒྱུ་གཙོ་གནད་དུ་བྱས་ཏེ་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་སྦྲེལ་ཟམ་བཙུཊ་ཡོད།

སྔ་རྗེས་སུ་ཀོང་ཏུང་ཟློས་གར་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་གནས་ཡུལ་རྙིང་པའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་བྱུང་ཞིང་གསར་བརྗེའི་བསམ་བློའི་སློབ་གསོ་དང་ལེན་དང་ཤང་ཀང་དང་ཀྲུའུ་ཧའེ་།མོན་ཟམ་ཆེན།ཀྲུའུ་ཧའེ་རྟེན་རྫས་བཤམས་མཛོད་ཁང་། ཐང་ཅཱ་གནའ་བོའི་གྲོང་རྡལ་བཅས་ལ་ལྟ་སྐོར་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ཆེན་པོའི་ལས་གཞིའི་སྟོབས་ཤུགས་དང་ཀོང་ཏུང་རིག་གནས་ཀྱི་གསོན་ཤུགས་ཉམས་སུ་མྱོང་ལ་ཚན་རྩལ་གསར་གཏོད་དང་རིག་གནས་གསར་གཏོད་ཀྱི་བཟོ་སྐྲུན་ཁེ་ལས་སུ་བསྐྱོད་དེ་མཚོ་ཁུག་ཆེན་པོའི་ཁུལ་གྱི་ལས་གཏོད་ཀྱི་ཉམས་མྱོང་ཤེས་རྟོགས་བྱེད་པ་དང་ཆབས་ཅིག་སྨན་གླིང་དང་ཀྲུའུ་ཧའེ་ཧྥེང་ཧོང་སློབ་ཆུང་གི་སློབ་མ་30ཡིས་ཕན་ཚུན་གཉེན་ཉེ་བསྒྲིགས་ནས་མི་རིགས་མཐུན་སྒྲིལ་གྱི་ས་བོན་བཏབ་ཡོད་པ་རེད།

གོམ་སྟབས་རྗེས་མར་སྨན་གླིང་སྡེ་ཚོགས་གྲོང་ཨུད་ཀྱིས་ཞིབ་སྦྱོང་མཉམ་སྐྲུན་གྱི་བྱེད་སྒོ་མུ་མཐུད་སྤེལ་ནས་སེ་འབྲུ་བཞིན་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་བྱེད་སྒོའི་སྤུས་རྟགས་ལེགས་སུ་གཏོད་རྒྱུ་ཡིན་པ་རེད།

སྨན་གླིང་གྲོང་ཁྱེར་སློབ་ཆུང་གི་སློབ་མ་བཀྲ་ཤིས་ཆོས་འཕེལ་གྱིས།དེ་སྔ་བརྙན་ལམ་ནང་ཀོང་ཏུང་ཟློས་གར་མ་གཏོགས་ལྟ་མྱོང་མེད།དེ་རིང་ས་གནས་ས་ཐོག་ཏུ་ལྟ་སྐོར་དང་སློབ་སྦྱོང་བྱས་པས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལ་སྔར་བས་རྒྱུས་མངའ་བྱུང་ལ་སླད་ཕྱིན་རང་འགུལ་ངང་ཤེས་རྟོཊ་དང་རང་འགུལ་ངང་རྒྱུན་འཛིན་བྱ་རྒྱུ་ཡིན་ལ་ཀྲུང་ཧྭའི་རིག་གནས་བརྒྱུད་བསྒྲཊ་བྱེད་མཁན་ཞིག་བྱ་རྒྱུ་ཡིན་ཞེས་བརྗོད།

སྨན་གླིང་གི་གཞོན་ནུའི་འཐུས་མི་ཆའོ་ཞང་ཡོན་གྱིས།དེ་རིང་ཀྲུའུ་ཧའེ་ཅིན་ཧྲན་མཉེན་ཆས་གླིང་སོགས་ལ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པ་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་ངས་ཚན་རྩལ་གྱི་སྟོབས་ཤུགས་དང་གསར་གཏོད་ཀྱི་སྟོབས་ཤུགས།གཞོན་ནུའི་མཐུན་སྒྲིལ་གྱི་སྟོབས་ཤུགས་བཅས་ཤེས་རྟོགས་བྱུང་།སླད་ཕྱིན་ངས་ད་ཐེངས་ཀྱི་ཞིབ་སྦྱོང་ནང་མཐོང་བའི་གསར་གཏོད་ཀྱི་བསམ་ཕྱོགས་དེ་དངོས་སུ་ལས་གཏོད་བྱེད་པའི་ཁྲོད་འཁོར་སྐྱོད་བྱས་ཏེ་སྨན་གླིང་གི་ལེགས་ཆར་གཞི་ཚུགས་ནས་རང་འགུལ་ངང་གསར་གཏོད་དང་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་དུས་མཚུངས་ཕ་ཡུལ་གྱི་གཞོན་ནུ་དེ་བས་མང་བ་ཞིག་གིས་མདུན་སྐྱོད་དང་ལས་ཀ་བྱེད་ཕོད་པ།མཐུན་སྒྲིལ་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞེས་བརྗོད།

ཀྲུའུ་ཧའེ་གྲོང་ཁྱེར་ཧྥེང་ཧོང་སློབ་ཆུང་གི་སློབ་མ་ཏེང་ཚུའེ་ཡུས།ཁོང་ཚོའི་ཡུལ་སྲོལ་གོམས་གཤིས་མི་འདྲ་བ་ཤེས་རྟོགས་བྱུང་བས་ང་ཧ་ཅང་དགའ་པོ་བྱུང་། དེ་རིང་ང་ཚོ་དང་སྨི་ལིན་གྱི་གྲོགས་པོ་ཆུང་ཆུང་ཚོས་རྐང་རྩེད་སྤོ་ལོ་རྩེད་པས་ང་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་ཡོད།

查看本期全部内容