ཉིང་ཁྲི་གྲོང་ཁྱེར་གྱིས་ཟླ་8པའི་འབྲུབ་དུས་ཀྱི་གེཊ་འགོག་གེཊ་སེལ་ཚོཊ་འདུའི་གྲོས་མོལ་དང་ཞིབ་འཇུག་གི་ཚོཊ་འདུ་འཚོཊ་པ།

林芝报-藏文版  2026-08-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་13ཉིན་ཉིང་ཁྲི་གྲོང་ཁྱེར་གྱིས་ཟླ་8པའི་འབྲུབ་དུས་ཀྱི་གེགས་འགོག་གེགས་སེལ་ཚོགས་འདུའི་གྲོས་མོལ་དང་ཞིབ་འཇུག་གི་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཆང་གིས་ཁྲུང་ཆིང་ཕེང་ཧྲུའེ་རྫོང་གི་རི་ཉིལ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད་རང་སྐྱོང་ལྗོངས་དང་ཉིང་ཁྲི་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོས《2026ལོའི་ཟླ་8པའི་རང་བྱུང་གནོད་འཚེའི་ཉེན་ཁའི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་གི་གནས་ཚུལ་སྐོར་གྱི་སྙན་ཞུའི》ཐོག་གི་འབྲེལ་ཡོད་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་ཆུ་ལོག་གི་གནོད་འཚེ་ཆེན་སྔོན་འགོག་དང་ཉེན་ཁ་ཆེ་རིགས་མྱུར་སྐྱོབ།གནོད་འཚེ་ཆེ་རིགས་སྐྱོབ་པ་བཅས་ལ་གཞི་ཚུགས་ནས་འབྲུབ་ཆུ་ཆུང་ངུར་སྔོན་འགོག་དང་གནོད་འཚེ་ཆུང་ངུར་ཉུང་གཏོང་གི་ལས་དོན་ལ་སླར་ཡང་སྐུལ་སློང་དང་སླར་ཡང་བཀོད་སྒྲིག་བྱས་ཡོད།

གནད་ལ་ཁེལ་བའི་སྔོན་བརྡ་གཏོང་བའི་ཐད་སླར་ཡང་རིམ་པ་མཐོ་རུ་གཏོང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཐད་ནན་ཏན་དང་མི་སྣ་གནས་སྤོས་ཉེན་གཡོལ་ཐད་སླར་ཡང་ཐག་ཆོད་པོ་བྱེད་པ། འཕྲལ་སྐྱོབ་སྐབས་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཐད་སླར་ཡང་གནོན་ཤུགས་སྤྲོད་པ་བཅས་བྱས་ཏེ་ཚད་གཞི་མཐོ་ཤོས་དང་།བླང་བྱ་ནན་ཤོས།བྱ་ཐབས་ཏན་ཏིག་བཅས་ལ་བརྟེན་ནས་ཆུ་འབྲུབ་པའི་དུས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དམག་འཐབ་དྲག་པོ་མཐའ་གཅིག་ཏུ་རྒྱག་དགོས་པ་མ་ཟད་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ལ་ཤུགས་ཡོད་རྒུས་སྲུང་སྦྱོང་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།