སྣང་རྫོང་གིས་མི་རིགས་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

林芝报-藏文版  2026-08-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་། སྣང་རྫོང་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་རྫོང་ཡོངས་ཀྱི་ཤང་གྲོང་རྡལ་6དང་དགོན་སྡེ་ཁག་ཏུ་བསྐྱོད་དེ་མི་རིགས་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། སྒྲོག་འགྲེལ་མི་སྣས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག》གི་ནང་དོན་གཙོ་བོར་འགྲེལ་བཤད་བརྒྱབ་པ་རེད།

གཞན་ཡང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་གཞི་རིམ་ལས་བྱེད་པར་ཕྱོགས་ནས་མི་རིགས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་དང་། གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ། གྲོང་ཚོ་རིམ་པའི་ཆོས་ལུགས་ལས་དོན་ཚད་ལྡན་ཅན་གྱི་དོ་དམ་སོགས་ལས་དོན་གཙོ་བོར་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་སྟེ་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་འགན་འཁྲི་སྔར་བས་ནན་དུ་བཏང་བ་རེད།

སྣང་རྫོང་དུང་དཀར་གྲོང་རྡལ་གྱི་འཐབ་ཕྱོགས་གཅིག་གྱུར་དང་དྲིལ་བསྒྲགས་ལས་དོན་གྱི་ཆེད་བསྐོས་པ་བཀྲ་ཤིས་སྒྲོལ་མས། ཐེངས་འདིའི་སློབ་སྦྱོང་བྱས་པ་བརྒྱུད། ངས་སྔོན་ཆད་ཆ་རྒྱུས་མེད་པའི་སྲིད་ཇུས་ཀྱི་ཤེས་བྱ་མི་ཉུང་བ་ཞིག་ཁོང་དུ་ཆུད་སོང་། ངས་སྦྱངས་པའི་སྲིད་ཇུས་དང་ཁྲིམས་སྲོལ་ཤེས་བྱ་དེ་དག་དུས་ཐོག་ཏུ་ཉེ་འགྲམ་གྱི་མང་ཚོགས་ལ་དྲིལ་བསྒྲགས་གསལ་འགྲེལ་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད།

སྣང་རྫོང་སྐྱེམས་སྟོང་ཤང་དཔའ་ལུང་གྲོང་ཚོའི་ལས་བྱེད་པ་ཚེ་རིང་སྒྲོལ་དཀར་གྱིས། སླད་ཕྱིན་གྱི་ལས་དོན་ཁྲོད་ངས་སྦྱངས་པའི་སྲིད་ཇུས་དང་ཁྲིམས་སྲོལ་ཁོང་དུ་ཆུད་པ་བྱས་ཏེ་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཉེ་འགྲམ་གྱི་མང་ཚོགས་ལ་དྲིལ་བསྒྲཊ་ཁྲིད་སྟོན་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད།

སྣང་རྫོང་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་སྲིད་ཇུས་སྒྲོག་འགྲེལ་དང་། རྒྱུན་རྣམ་ཅན་གྱི་སློབ་སྦྱོང་། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་རིགས་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་ཁྱབ་གདལ་དང་དྲིལ་བསྒྲགས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། གྲོང་གསེབ་དར་རྒྱས། སྤྱི་ཚོགས་ཡུན་རིང་བདེ་འཁོད་བཅས་ཀྱི་འབད་འབུངས་མཉམ་ཤུགས་གཅིག་ཏུ་སྒྲིལ་རྒྱུའི་རྣམ་འགྱུར་སྟོན་ཡོད།