logo
查看本期全部内容

ཉིང་ཁྲིའི་བེ་ཤ་ནུས་ཆེའི་མཁའ་འགྲུལ་ཟོག་འགྲེམས་བགྲོད་ལམ་བརྒྱུད་རྒྱལ་ཡོངས་ཀྱི་གསོལ་ལྕོག་ཐོག་ཐད་ཀར་བཤམས་ཐུབ་པ་བྱུང་བ།

林芝报-藏文版&nbsp&nbsp2026-08-18

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉིང་ཁྲིའི་བེ་ཤ་ཁྲོམ་རར་འདོན་པའི་དུས་འཚམས་འདིར། སྤུས་ལེགས་ཀྱི་ས་མཐོའི་བེ་ཤ་སོས་པ་རི་ཁྲོད་དང་ནགས་ས་ནས་ཐོན་ཏེ་ནུས་ཆེའི་མཁའ་འགྲུལ་ཟོག་འགྲེམས་བགྲོད་ལམ་བརྒྱུད་རྒྱལ་ཡོངས་ཀྱི་གསོལ་ལྕོག་ཐོག་ཐད་ཀར་བཤམས་ཐུབ་པ་བྱུང་ཡོད། འདི་ལོའི་བེ་ཤ་འཐུ་བའི་དུས་ཚིགས་སུ་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གནད་སྨིན་སྲིད་ཇུས་ལག་བསྟར་བྱས་ཏེ་མྱུར་སྐྱེལ་ཟོག་འགྲེམས་ཁེ་ལས་དང་བོད་ལྗོངས་མཁའ་འགྲུལ་ཁུལ་གསར་མ་འཇོག་ཚད་ཡོད་ཀུང་སིས་སྲིད་གཞུང་དང་ཁེ་ལས་ཀྱི་མཐུན་སྦྱོར་མཉམ་ལས་མ་ལག་བཙུགས་ནས་ཡུལ་ཟོག་ཐོན་ཁུངས་དང་མཁའ་འགྲུལ་སྐྱེལ་འདྲེན་ནུས་པ་བཅས་ཕྱོགས་གཉིས་ཀྱི་བགྲོད་ལམ་ཤར་གཏོང་བྱས་ཏེ་ས་མཐོའི་བེ་ཤ་སོས་པ་ཕྱིར་འདྲེན་བྱེད་འགོར་བའི་དཀའ་གནད་སེལ་ནས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་“མཁའ་དབྱིངས་ཀྱི་བར་ཁྱམས”ཤིག་བསྐྲུན་ཡོད།

མིག་སྔ་ནི་ཉིང་ཁྲིའི་བེ་ཤ་ཁྲོམ་རར་འདོན་པའི་འགག་རྩའི་དུས་སྐབས་ཤིག་རེད། བེ་ཤའི་ཕྱིར་ཚོང་ཁྲོམ་ར་རྒྱ་སྐྱེད་གཏོང་ཆེད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཚོང་དོན་ཅུད་དང་སྦྲག་སྲིད་དོ་དམ་ཅུད་སོགས་འགན་ནུས་སྡེ་ཚན་ལ་སྤྱི་འདོམས་བྱས་ཏེ་ཟོག་ཁུངས་མཁོ་སྤྲོད་འགན་ལེན་དང་སྐྱེལ་འདྲེན་འགྲོ་གྲོན་དམངས་ཕན་སོགས་ཀྱི་བྱ་ཐབས་མང་པོ་དོན་འཁྱོལ་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་བེ་ཤ་ཉོ་སྒྲུབ་དྲ་ཚིགས་ཁག་གིས་མི་ཐབས་ལ་བརྟེན་ནས་རིམ་དབྱེ་འདེམས་སྒྲུག་ནན་པོ་བྱས་ཏེ་ཚད་ལྡན་ཅན་གྱི་འཁྱག་སྦྲེལ་ཐུམ་སྒྲིལ་བྱས་ནས་འབྱུང་རྩ་ནས་བེ་ཤའི་སྤུས་ཚད་ལ་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་གྱིས་བེ་ཤའི་ཆེད་གཏོགས་སྦྲག་ཐོག་བསྐུར་བའི་དམངས་ཕན་སྲིད་ཇུས་བཏོན་ནས་མང་ཚོགས་ཀྱི་སྦྲག་ཐོག་ཏུ་བསྐུར་བའི་མ་གནས་དམའ་རུ་བཏང་སྟེ་ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྒྱལ་ཡོངས་སུ་ཕྱིར་ཚོང་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི།ཧུའུ་ཡུང་གིས། ཟླ་7ཚེས་25ཉིན་ནས་ཟླ་8ཚེས་31ཉིན་བར་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་མང་ཚོགས་ཀྱིས་ཉིན་རེར་མངགས་ཐོ་གཅིག་ལས་བསྐུར་མི་ཆོག་པ་དང་། དབོར་འདྲེན་གླ་ཆ་50%གཅོག་པ། སྤ་སེའི་ཁ་གསབ་མཐོ་ཤོས་སྒོར་80སྤྲོད་པ། ཐུམ་སྒྲིལ་ཚང་མར་རིན་པ་མི་དགོས་པའི་བེ་ཤ་བསྐུར་བའི་དམངས་ཕན་སྲིད་ཇུས་དེ་བཏོན་ཡོད། སྲིད་གཞུང་གིས་བོད་ལྗོངས་གནམ་ཐང་དང་མྱུར་སྐྱེལ་ལས་རིགས་མཉམ་འགུལ་བྱས་ཏེ་ལྷ་ས་ནས་ཨེ་ཀྲུའུ་བར་གྱི་ཟོག་འདྲེན་གནམ་གྲུར་བརྟེན་ནས་རྒྱལ་ཡོངས་སུ་བསྐུར་སྐྱེལ་བྱས་ཀྱི་ཡོད་ཅེས་བཤད་ཡོད། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་དང་ཆབས་ཅིག་མཁའ་འགྲུལ་སྐྱེལ་འདྲེན་འགན་ལེན་ཡང་དུས་གཅིག་ཏུ་སྤེལ་ཡོད། ས་སྲོས་མཚམས་སུ་བེ་ཤ་སོས་པ་བླུགས་པའི་འཁྱག་སྦྲེལ་འགན་ལེན་རླངས་འཁོར་ཉིང་ཁྲི་ནས་ཐོན་ཏེ་མཚན་མོ་དེ་རང་དུ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་དབོར་གྱི་ཡོད། ཕྱི་ཉིན་ཞོགས་པར་ཟོག་འདྲེན་རླངས་འཁོར་ལ་བདེ་འཇགས་ཞིབ་བཤེར་སོགས་ཀྱི་བརྒྱུད་རིམ་ལེགས་གྲུབ་ཟིན་ནས་ལས་དོན་མི་སྣས་ལས་ཀ་ཚད་ལྡན་ངང་བཀོད་གཏོང་བྱས་ཏེ་བེ་ཤ་སོས་པ་མགྱོགས་མྱུར་བོད་ནས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

བོད་ལྗོངས་མཁའ་འགྲུལ་ཁུལ་གསར་མ་འཇོག་ཚད་ཡོད་ཀུང་སིའི་ཏུང་ཧྲི་འཆི་མེད་ཚེ་སྒྲོན་གྱིས། འདི་ལོའི་བེ་ཤའི་དུས་ཚིགས་སུ་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་མཁའ་འགྲུལ་ཁུལ་གསར་དང་སྦྲེལ་མཐུད་གཏིང་ཟབ་བྱས་ནས་ མཁའ་འགྲུལ་ཁུལ་གསར་གྱིས་སྐྱེལ་འདྲེན་བྱེད་ཤུགས་གནད་སྨིན་བཀོད་སྒྲིག་དང་། སྲིད་གཞུང་དང་ཁེ་ལས་ཀྱི་ལས་བགོས་མཉམ་ལས། ནུས་ཆེའི་མཉམ་འགུལ་བཅས་བྱས་པས་བེ་ཤ་སོས་པ་དེ་ཞོགས་པ་རི་སྟེང་ཡོད་ཀྱང་དགོང་མོ་སྒྲོག་ཙེའི་ཐོག་འབྱོར་ཐུབ་པ་བྱུང་ཡོད་ཅེས་བཤད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་ནས་ཨེ་ཀྲུའུ་བར་གྱི་མཁའ་ལམ་ནི་བོད་ཀྱི་རྒྱུན་རྣམ་ཅན་གྱི་ཚོང་ལས་ཟོག་འདྲེན་གནམ་གྲུའི་མ་ལམ་ཐོག་མ་དེ་ཡིན་ལ་ཉིང་ཁྲིའི་སྲིད་གཞུང་དང་ཁེ་ལས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ལྟེ་བའི་མཁའ་འགྲུལ་གཞི་རྟེན་ཞིག་ཀྱང་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་གཞི་ཁྱོན་ཅན་དང་རྒྱུན་རྣམ་ཅན་གྱི་བོད་ནས་ཐོན་རྒྱུར་འཐབ་ཇུས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། འདི་ལོའི་ཟླ་7ཚེས་27ཉིན་སྲིད་གཞུང་དང་ཁེ་ལས་མཉམ་འགུལ་གྱིས་བེ་ཤ་མཁའ་འགྲུལ་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་ཚུན་མཁའ་ལམ་དེས་རིམ་རྩིས་བྱས་ན་ཉིང་ཁྲིའི་བེ་ཤ་ཏུན་1.2ཙམ་སྐྱེལ་འདྲེན་བྱེད་འགན་འཁུར་ནས་ཟོག་འགྲེམས་ཁེ་ལས་ལ་ཟོག་འགྲེམས་མ་གནས་སྒོར་ཁྲི་1.6ལྷག་ཙམ་གྲོན་ཆུང་ཐུབ་ཡོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའི་ཡན་ཅུན་གྱིས། ཟོག་འདྲེན་གནམ་གྲུ་དང་བརྒྱུད་རིམ་ཧྲིལ་པོའི་གྲང་སྦྲེལ་རྣམ་པར་བརྟེན་ནས་ཐོན་ཡུལ་ནས་ནང་སར་ཤར་གཏོང་ཐུབ་ནས། ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཐད་ཀར་ནང་སའི་གསོལ་ལྕོག་ཐོག་སྐྱོད་ཐུབ་པ་བྱུང་ཡོད་ཅེས་བཤད་ཡོད།

བོད་ལྗོངས་མཁའ་འགྲུལ་ཁུལ་གསར་མ་འཇོག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཐང་ཧྥང་ཝེ་ཡིས། ད་ཐེངས་ཀྱི་མཉམ་ལས་དེས། བོད་ཀྱི་ཁྱད་ལྡན་ཐོན་རྫས་དུས་ཡུན་རིང་པོའི་ནང་ས་ཁམས་ཀྱི་ཆ་རྐྱེན་དང་ཟོག་འགྲེམས་མ་གནས་ཀྱི་ཚོད་འཛིན་ཕོག་པའི་དབང་གི་བོད་ནས་ཐོན་དཀའ་བའི་རྣམ་པར་འགྱུར་ལྡོག་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་“ཕྱིར་གཏོང”དང་ས་ཆ་གཞན་གྱི་སྤུས་ལེགས་དངོས་ཟོག་“ནང་འདྲེན”བྱ་ཆེད་ནུས་ཆེའི་མཁའ་འགྲུལ་ཟོག་འགྲེམས་བགྲོད་ལམ་བཏོད་ཡོད་ཅེས་བཤད་ཡོད།

གོམ་སྟབས་རྗེས་མར། ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ལྗོངས་མཁའ་འགྲུལ་ཁུལ་གསར་མ་འཇོག་ཚད་ཡོད་ཀུང་སི་དང་མྱུར་སྐྱེལ་ཟོག་འགྲེམས་ཁེ་ལས་ཆེ་གྲས་ཁག་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་བྱས་ཏེ། མཁའ་འགྲུལ་སྐྱེལ་འདྲེན་ནུས་པ་མུ་མཐུད་ལེགས་སུ་གཏོང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྦྲག་བསྐུར་ཟོག་འགྲེམས་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་མྱུར་ལམ་རྒྱུན་མཐུད་ཤར་གཏོང་བ། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ནས་བརྟན་ལྷིང་དང་ཕུགས་ཕན་གྱི་སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར་མཉམ་ལས་ལ་བརྟེན་ནས་ཉིང་ཁྲིའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་སྤྲོད་བྱ་རྒྱུ་རེད།

查看本期全部内容