གྲོང་གསེབ་ཀྱི་ཐད་གཏོང་དྲ་ཐོག་ཚོང་དོན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་གསར་པ་བསྣན་པ།

林芝报-藏文版  2026-07-17

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་བའི་ལོ་ཤས་རིང་།ཉིང་ཁྲི་གྲོང་ཁྱེར་གྱིས་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ཏེ་གནད་སྨིན་སྲིད་ཇུས་འདེགས་སྐྱོར་དུ་བྱེད་པ་དང་། ཟོག་འགྲེམས་མ་ལག་རྨང་གཞིར་བྱེད་པ།ཤེས་ལྡན་པ་གསོ་སྐྱོང་ལྟེ་བར་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་གསེབ་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་ཏེ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རི་ཁུག་ནས་ཐོན་ཏེ་རྒྱལ་ཡོངས་སུ་བཙོངས་ཡོད། བྲག་ཡིབ་ཆུད་སྦེ་པ་གྲོང་རྡལ་བླ་བཅད་གྲོང་ཚོ་ནི་ཉིང་ཁྲིའི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་སྲིད་ཇུས་ཀྱིས་དྲ་ཐོག་ཚོང་དོན་ལ་ནུས་སྤྲོད་བྱས་པའི་ཞིང་སྐྱོར་མིག་དཔེ་གསར་པ་ཞིག་ཡིན། ས་གནས་དེ་གའི་ཏང་ཡོན་སྣེ་ཁྲིད་པའི་སྐུལ་ཁྲིད་འོག་གྲོང་གསེབ་ཀྱི་ཐད་གཏོང་དྲ་ཐོག་ཚོང་དོན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།

བླ་བཅད་གྲོང་ཚོའི་ནཊ་ཁྲོད་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་ཀ་ལེགས་པོ་ཡོད་མོད།འོན་ཀྱང་ས་བབ་ཀྱི་ཚོད་འཛིན་དབང་གིས་ཐོན་རྫས་ཕྱིར་ཚོང་ཐུབ་ཀྱི་མེད། ནགས་ཁྲོད་ཐོན་ཁུངས་གང་ལེཊ་སྤྱོད་པ་དང་གྲོང་མི་ཐག་ཉེ་སར་ལས་ཞུཊ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱ་ཆེད།དེ་སྔའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་ཆོག་གིས་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་གོ་སྐབས་དང་བསྟུན་ནས་སྣེ་ཁྲིད་དེ་གྲངས་འཛིན་ཞིང་སྐྱོར་ལ་འཚོལ་ཞིབ་བྱས་པས་གྲོང་ཚོ་དེ་གའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་སྣེ་ཁྲིད་པར་གྱུར་ཡོད།བྲག་ཡིབ་ཆུད་བླ་བཅད་གྲོང་ཚོའི་དྲ་ཐོག་ཚོང་པ་བུ་ཆོག་གིས།དྲ་སྦྲེལ་ལ་བརྟེན་ནས་རང་ཉིད་ཀྱི་ཕ་ཡུལ་དྲིལ་བསྒྲགས་བྱས་ཏེ་ཡུལ་ཟོག་རི་གྲོང་ནས་ཐོན་ཐུབ་པ་བྱས་ཏེ་མི་དེ་བས་མང་བས་བོད་དང་ཉིང་ཁྲིར་རྒྱུས་མངའ་ཡོང་བ་བྱེད་ཀྱི་ཡོད་ཅེས་བརྗོད།ལས་གཏོད་ཀྱི་དུས་འགོར་བུ་ཆོག་ལ་སྒྲིག་ཆས་དཀོན་པ་དང་། གཉེར་སྐྱོང་གི་ཉམས་མྱོང་མི་འདང་བ།ས་མཐོའི་ཟོག་འགྲེམས་རིན་གོང་མཐོ་བ་སོགས་ཀྱི་དཀའ་ངལ་འཕྲད་ཡོད། དྲ་ཐོག་ཚོང་དོན་ལ་བློ་རྩེ་གཅིག་སྒྲིམ་གྱིས་བརྟེན་ནས་ཞིང་པར་རོགས་རམ་བྱ་ཆེད།ཁོང་གིས་ལས་གནས་ནས་དགོངས་པ་ཞུས་ཏེ་སེམས་ནུས་ཡོད་རྒུས་ཐད་གཏོང་འཐུས་ཚང་དུ་བཏང་བ་དང་། ཐུམ་སྒྲིལ་ལེགས་བཅོས་དང་རྗེས་མཐུད་ཞབས་ཞུ་ལེགས་བཏང་ནས།ས་གནས་ཁག་གི་འཛད་སྤྱོད་པའི་ཡིད་ཆེས་ཐོབ་པར་བྱས་པ་རེད།

བྲག་ཡིབ་ཆུད་བླ་བཅད་གྲོང་ཚོའི་དྲ་ཐོག་ཚོང་པ་བུ་ཆོག་གིས།ཐད་གཏོང་གི་ཚོང་གཉེར་ཧ་ཅང་རྙོག་འཛིང་ཆེ་བས།དེར་བརྟེན།ངས་མུ་མཐུད་དུ་འཚོལ་ཞིབ་བྱེད་ཞོར་དུ་ཉིན་ཐོ་འབྲི་བ་དང་།ཐད་གཏོང་བྱས་ཚར་རྗེས་མྱུར་དུ་བསྐྱར་སྦྱོང་བྱས་ནས་རྗེས་སུ་ཐད་ཚོང་བྱེད་སྐབས་ཐོན་རྫས་ལ་འགྲེལ་བཤད་གང་འདྲ་རྒྱག་དགོས་པ་དང་ཐུམ་སྒྲིལ་ལེཊ་སུ་གཏོང་བའི་ཐད་ལ་བསམ་བློ་བཏང་ནས་འཛད་སྤྱོད་པ་ཚོ་ཡིད་ཚིམ་པར་བྱེད་ཀྱི་ཡོད་ཅེས་བརྗོད།

སྲིད་ཇུས་ཀྱིས་ནུས་སྤྲོད་དང་དངོས་སྒྲུབ་འགག་སྒྲོལ་ལས་བླ་བཅད་གྲོང་ཚོའི་དྲ་ཐོག་ཐད་གཏོང་ཚོང་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་མང་ཚོགས་ཕྱིར་སྐྱོད་མི་དགོས་པར་ནགས་ཁྲོད་ཀྱི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་སུ་ཕྱིར་ཚོང་བྱེད་ཐུབ་ཀྱི་ཡོད།

བྲག་ཡིབ་ཆུད་བླ་བཅད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས།དྲ་ཐོག་ཐད་གཏོང་ཚོང་དོན་གྱི་ཕན་འབྲས་དེ་ང་ཚོའི་བསམ་ཚོད་ལས་ལེགས་པ་བྱུང་། ན་ནིང་བུ་ཆོག་གི་ཐད་གཏོང་ཚོགས་པས་ང་ཚོའི་གྲོང་མི་ཚོར་བེ་ཤ་སོགསབཙོངས་པར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་ཞེས་བརྗོད།

བྲག་ཡིབ་ཆུད་བླ་བཅད་གྲོང་ཚོའི་གྲོང་མི་འཆི་མེད་བཀྲ་ཤིས་ཀྱིས།དྲ་ཐོག་ཐད་གཏོང་ཚོང་དོན་ལས་ང་ཚོའི་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དུས་རྒྱུན་གྲོང་མི་ཚོས་རང་ཉིད་ཀྱིས་དབྱར་རྩྭ་དགུན་འབུ་ཁྲོམ་རར་འཚོང་གི་ཡོད།ད་ཆ ང་ཚོའི་ཞིང་ལས་ཐོན་རྫས་དེ་དག་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་རོགས་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད། མི་སྒེར་གྱིས་སྣེ་ཁྲིད་དེ་དངོས་སྒྲུབ་དང་ཐོན་ལས་དཔེ་སྟོན་རྣམ་པ་ཆགས་ཡོད། ན་ནིང་བུ་ཆོག་གི་ཐད་གཏོང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་1600ལྷག་ཙམ་ཟིན་ནས་ཉིང་ཁྲིའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་ཚད་གཞིར་གྱུར་ཡོད།

ཉིང་ཁྲི་དྲ་ཐོག་ཚོང་དོན་མཐུན་ཚོགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཀྲེན་ཧྭ་ཡིས། ཉིང་ཁྲི་དྲ་ཐོག་ཚོང་དོན་མཐུན་ཚོགས་བཙུགས་ནས་ད་བར་ལོ་3ལྷག་ཙམ་སོང་ཡོད།གོམ་སྟབས་རྗེས་མར།ང་ཚོས་གྲུབ་འབྲས་ཐོབ་པའི་དཔེ་མཚོན་གྱོད་གཞིར་བརྟེན་ནས་གྲོང་ཁྱེར་ཡོངས་སུ་ཁྱབ་གདལ་གཏོང་རྒྱུག་མ་ཟད།གྲོང་གསེབ་ཀྱི་ཞིང་འབྲོག་པ་དང་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མར་ལས་ཞུགས་གནད་དོན་སྔར་བས་ཐག་གཅོད་ཀྱང་བྱས་ནས།ཁོང་ཚོ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ནང་ཧུར་ཐག་ཞུགས་སུ་འཇུག་རྒྱུ་ཡིན་ཞེས་བརྗོད།

ས་མཐོའི་ཞིང་ལས་ཐོན་རྫས་འཚོང་དཀའ་བ་དང་། ཟོག་འགྲེམས་རིན་གོང་མཐོ་བ།ཐབས་ལམ་ཉུང་བ་སོགས་ཀྱི་དཀའ་གནད་ལ་དམིགས་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་དྲ་ཐོག་ཚོང་དོན་ཐོན་ལས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་དྲ་ཐོག་ཚོང་དོན་ཟོག་འགྲེམས་དྲ་རྒྱ་བསྐྲུན་ནས་སྦྲག་སྲིད་མྱུར་སྐྱེལ་མཉམ་ལས་ལ་བརྟེན་ཏེ་ས་ཁོངས་ཧྲིལ་པོར་མྱུར་སྐྱེལ་ཤར་གཏོང་ཐུབ་པ་བྱས་ཡོད།གཞན་ཡང་རོགས་སྐྱོར་སྲིད་རབ་དང་རིམ་བཏོན་ནས་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་འགྲོ་རྒྱུར་རམ་འདེགས་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཝང་ཀྲི་ཀང་གིས།ཉེ་བའི་ལོ་ཤས་རིང་། རང་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་ལས་རྣམ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱས་ཤིང་།2025ལོར་གྲོང་ཁྱེར་ཡོངས་ཀྱི་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་11.96ཟིན་ནས་ལྗོངས་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། ང་ཚོས་སྒོར་ཁྲི་1300བཏང་ནས་ཆེད་དོན་ཁ་གསབ་དང་རྒྱུན་རྣམ་ཅན་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་སྦྲག་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་བྱེད་སྒོ་སྤེལ་བར།རིམ་རྩིས་བྱས་ན་སྦྲག་གླ་སྒོར་ཁྲི་1359.9ཆག་ཡང་དང་རྩ་ཆག་བཏང་བ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་9679.68ཟིན་རྒྱུར་སྐུལ་ཁྲིད་བྱས་ཏེ་ཞིང་འབྲོག་པ་དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་བྱེད་པོའི་ཁུར་པོ་ཡང་དུ་དང་འབབ་འཕར་ཏན་ཏིག་བྱུང་ཡོད་ཅེས་བརྗོད། སྐལ་བཟང་གཡུ་སྒྲོན་གྱིས་སྒྱུར།