logo
查看本期全部内容

ཁེ་ལས་སུ་དྲིལ་བསྒྲགས་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ།

林芝报-藏文版&nbsp&nbsp2026-07-17

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར་སྤོ་བོ་རྫོང་གིས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས་རྣམ་གྲངས་གལ་ཆེན་གྱི་ཁེ་ལས་སུ་བསྐྱོད་ནས་འབྲུབ་འགོག་ཤེས་བྱ་ཁྱབ་གདལ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་བདེ་འཇཊ་སྲུང་ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲཊ་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ནང་ལས་དོན་མི་སྣས་ཁེ་ལས་ཀྱི་ལས་དོན་མི་སྣར་ཇི་ལྟར་བྱས་ཏེ་རྒྱུན་གཏན་དུ་གནོད་འཚེའི་མངོན་མེད་རྐྱེན་ངན་དང་ཐོལ་བྱུང་གནོད་འཚེ་འཕྲད་སྐབས་ཡང་དག་པའི་ཁ་གཏད་གཅོག་ཐབས་ཐད་འགྲེལ་བཤད་བརྒྱབ་སྟེ་གནོད་འཚེ་སྔོན་འགོག་དང་གནོད་འཚེ་གཙང་སེལ་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་ཨར་ལས་བྱ་ཡུལ་དུ་བསྐྱོད་དེ་དངོས་ཟོག་གསོག་འཇོག་དང་།འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་།འབྲུབ་འགོག་དྲིལ་བསྒྲགས།སྒྲིག་ཆས་ཡོ་བྱད་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ཤེས་རྟོཊ་ཞིབ་ཕྲ་བྱས་པ་དང་འབྲེལ་ཁེ་ལས་ཁག་གིས་མཐུན་སྦྱོར་མཉམ་འགུལ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གནམ་གཤིས་དང་ཆུ་བེད་སོཊ་སྡེ་ཚན་དང་ཆར་ཆུའི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྲུང་བྱས་ཏེ་ཕྱོཊ་ཡོངས་ནས་འབྲུབ་དུས་ཀྱི་བདེ་འཇཊ་སྔོན་འགོག་ཚོད་འཛིན་གྱི་རྣམ་པ་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

查看本期全部内容