logo
查看本期全部内容

སྨན་གླིང་གྲོང་ཁྱེར་གྱིས་2026ལོའི་འདུ་ཤེས་འཛིན་སྟངས་དང་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཆེད་དོན་བགྲོ་གླེང་འཛིན་གྲྭ་གཉེར་བ།

林芝报-藏文版&nbsp&nbsp2026-07-17

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་7ཚེས་13ཉིན།སྨན་གླིང་གྲོང་ཁྱེར་གྱིས་2026ལོའི་འདུ་ཤེས་འཛིན་སྟངས་དང་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཆེད་དོན་བགྲོ་གླེང་འཛིན་གྲྭ་གཉེར་ཞིང་།ཤང་གྲོང་ཁག་དང་དེ་བཞིན་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པའི་ལས་སྒོའི་རྐང་འཛིན་པ་43འདིའི་ནང་ཞུགས་ཡོད།

ད་ཐེངས་ཀྱི་བགྲོ་གླེང་འཛིན་གྲྭར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ།ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་སོགས་ཀྱི་ཆེད་དོན་སློབ་ཁྲིད་ཚུད་ཡོད།རིགས་པའི་གཞུང་ལུགས་ཀྱི་ཟུར་ཁྲིད་ཡོད་ལ་ལག་ལེན་གྱི་སློབ་ཁྲིད་ཀྱང་ཡོད། རིགས་གཅིག་མཁས་ཅན་གྱི་སློབ་ཁྲིད་ཡོད་ལ་སྤེལ་རེས་བགྲོ་གླེང་ཡང་ཡོད། ཚང་མས་ད་ཐེངས་ཀྱི་བགྲོ་གླེང་གོ་སྐབས་སུ་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ཇུས་འགོད་ཀྱི་བསམ་ཕྱོགས་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་སུ་འགྱུར་ནས་སྨན་གླིང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མཉམ་ཤུཊ་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད།

སྨན་གླིང་གྲོང་ཁྱེར་གནས་སྤོས་ཡུལ་མི་ཅུད་ཀྱི་བྱ་གཞག་ལས་བྱེད་པ་ལི་ཨའོ་ཝེ་ཡིས།ངས་རྟག་ཏུ་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་གཏིང་ཟབ་དང་ཁྲིམས་སྐྱོང་གི་བསམ་བློ་བརྟན་དུ་གཏོང་བ།ཁྲིམས་ལྟར་འགན་འཁྲི་སྒྲུབ་པ།གཞི་རིམ་བཅོས་སྐྱོང་དང་རྣམ་གྲངས་ལ་སྐུལ་འདེད་གཏོང་བ།མང་ཚོགས་ཀྱི་ལས་དོན་ཁྲོད་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲི་དང་ཁྲིམས་སྐྱོང་གི་བླང་བྱ་དོན་འཁྱོལ་བཅས་བྱས་ནས་རང་འཁྲིའི་ལས་གནས་ཀྱི་འདུ་ཤེས་འཛིན་སྟངས་དང་ཁྲིམས་སྐྱོང་གི་རིམ་པ་གཉིས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད་ཅེས་བརྗོད།

查看本期全部内容