བྲག་ཡིབ་ཆུད་དུ“་ཀུ་ཤུའི་འབྲས་བཟང”སྨིན་པ།

林芝报-藏文版  2026-07-17

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུད་ཀྱིས་ས་མཐོའི་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཀྱི་ལེགས་ཆར་གཞི་ཚུགས་ནས་སྤུས་ལེགས་ཀུ་ཤུའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། སྣེ་འདྲེན་ཁེ་ལས་ཀྱིས་སྐུལ་ཁྲིད་དང་དྲ་ཐོག་ཚོང་ཁང་གིས་ཚོང་ལམ་རྒྱ་སྐྱེད་བཏང་སྟེ་ཀུ་ཤུའི་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། སྤུས་རྟགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཀུ་ཤུ་དེ་ཉིད་མང་ཚོགས་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་“ཕྱུག་འགྱུར་གྱི་འབྲས་བུ”ཞིག་ཏུ་འགྱུར་བ་བྱས་ཏེ་གངས་ལྗོངས་ས་མཐོའི་གྲོང་གསེབ་དར་རྒྱས་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད། 2025ལོར་བྲག་ཡིབ་ཆུད་སུ་ཀུ་ཤུ་འདེབས་ཁྱོན་མུའུ་8900ལྷག་ཙམ་ཟིན་པ་དང་། ཐོན་ཚད་བསྡོམས་འབོར་རྒྱ་མ་ཁྲི་1244ཟིན་པ། ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་6220ལས་བརྒལ་ཡོད་པ་རེད།

སྦེ་པ་གྲོང་རྡལ་མཛེས་པ་གྲོང་ཚོའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིར་སྐྱོད་སྐབས་གྲོང་མི་ཚོས་གོ་རིམ་ལྡན་པའི་ངང་ཤིང་འབྲས་ཀྱི་སྡོང་པོར་ཡལ་བཞུར་རྒྱག་བཞིན་ཡོད། 2021ལོར། བྲག་ཡིབ་ཆུད་ཀྱིས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་པ་དང་མཛེས་པ་གྲོང་ཚོ་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་ཚད་ལྡན་ཅན་གྱི་སྡོང་ཕྲུག་རྟེན་གཞི་བསྐྲུན་ཏེ་ས་མཐོར་འཚམ་པའི་སྤུས་ལེགས་ས་བོན་4བདེ་བླག་ངང་འདེམས་གསོ་བྱས་པ་རེད། ལོ་མང་གསོ་སྐྱོང་བྱས་པ་བརྒྱུད། མཛེས་པ་གྲོང་ཚོའི་ཀུ་ཤུའི་འདེབས་ཁྱོན་མུའུ་800ལྷག་ཙམ་ཟིན་པ་དང་རྟེན་གཞིས་ཆུ་ལུད་གཞི་གཅིག་ཅན་གྱི་ཐིགས་ཆུ་གཏོང་བའི་མ་ལག་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཚད་ལྡན་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་སྲུང་སྐྱོང་བྱས་ཡོད།