logo
查看本期全部内容

ཉིང་ཁྲི་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་2026ལོའི་ལོ་འཁོར་གྱི་ལས་མི་ཡོངས་ཀྱི་ལས་སྒོའི་ལས་གནས་ཀྱི་འཇོན་ནུས་མཐོར་གཏོང་གི་རྩལ་འགྲན་བྱེད་སྒོ་སྤེལ་བ།

林芝报-藏文版&nbsp&nbsp2026-07-17

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།སྨྱན་སྦྱོར་གཏིང་ཟབ་ངང་མཉམ་འདྲེས་བྱེད་པའི་སྒྱུར་བཅོས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མཉམ་འདྲེས་སྨྱན་སྦྱོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།ཟླ་7ཚེས་10ཉིན།ཉིང་ཁྲི་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་2026ལོའི་ལོ་འཁོར་གྱི་ལས་མི་ཡོངས་ཀྱི་ལས་སྒོའི་ལས་གནས་ཀྱི་འཇོན་ནུས་མཐོར་གཏོང་གི་རྩལ་འགྲན་བྱེད་སྒོ་སྤེལ་ཡོད།

ད་ཐེངས་ཀྱི་བྱེད་སྒོ་དེ་སྨྱན་སྦྱོར་གཏིང་ཟབ་ངང་མཉམ་འདྲེས་བྱེད་པའི་འཕེལ་རྒྱས་ཀྱི་བླང་བྱར་དམ་པོར་དམིགས་ནས་ཇུས་འགོད་ནས་ལག་རྩལ་འགན་ལེན་བར་གྱི་འབྲེལ་ཐག་ཧྲིལ་པོའི་ལྟེ་བའི་རྩལ་ནུས་ལ་དམིགས་ཏེ་ལས་སྒོའི་སྡེ་ཚན་གྱི་ལས་མི་ཡོངས་ལ་དཔྱད་ཞིབ་བྱས་ཡོད།ཁྱོན་བསྡོམས་སྐར་མ་100བཀོད་སྒྲིག་བྱས་པ་དང་།རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་དང་། ལས་གནས་དངོས་སྤྱོད།ས་གནས་ས་ཐོག་ཏུ་བགྲོ་གླེང་བཅས་ཁག་གསུམ་ལ་དབྱེ་ནས་རང་འགུལ་ངང་གཙོ་རྒྱུན་སྨྱན་སྦྱོར་གྱི་ཚད་གཞི་གཞིར་བཟུང་ལས་ཀའི་ཧེ་བག་འཚོལ་ཞིབ་དང་ལས་སྒོའི་ཞན་ཆ་གསབ་ཡོད།

དཔྱད་ཞིབ་བྱེད་རིང་འགྲན་བསྡུར་ནང་ཞུགས་མཁན་ཚོས་བབ་བརླིང་བརྟན་གསུམ་དང་། བསམ་ཕྱོགས་ཁ་གསལ་བཅས་ཀྱི་སྒོ་ནས་ཆེད་ལས་ཀྱི་བྱང་ཚད་མངོན་པར་བྱས་ཡོད། དཔྱད་ཞིབ་ཐེངས་མང་བྱས་པ་བརྒྱུད་མཐར་ལས་གནས་ཀྱི་རྩལ་འགྲན་ལས་སྒོའི་འཇོན་ཐང་ཅན་8བདམས་པ་མ་ཟད།གཟེངས་བསྟོད་ཀྱང་བྱས་ནས་སྔོན་ཐོན་གྱི་ཚད་ཤིང་བཙུགས་ཏེ་འགྲན་སློབ་སྙེག་བརྒལ་གྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་བྱེད་སྒོས་རིགས་པའི་གཞུང་ལུགས་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ་དང་། ལས་གནས་ཐོག་དངོས་སྦྱོང་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པ།ལས་སྒོའི་ཞན་ཆ་ཁྱོན་ཡོངས་ནས་གྲལ་བཤེར་ཐུབ་པ།འཕྲལ་སྡོམ་རྣམ་པ་ཁྱོན་ཡོངས་ནས་དངོས་སྦྱོང་བཅས་ཀྱི་ཕན་འབྲས་ཐོན་ནས་དཔུང་ཁག་ལ་སྦྱོང་བརྡར་དང་། བརྒྱུད་རིམ་ཚད་ལྡན་དུ་བཏང་བ།རྨང་གཞི་བརྟན་དུ་ཕྱིན་པ།ཉེན་ཁ་སྔོན་འགོག་ཐུབ་པ་བཅས་བྱུང་ཡོད། གོམ་སྟབས་རྗེས་མར།ཉིང་ཁྲི་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ད་ཐེངས་ཀྱི་རྩལ་འགྲན་བྱེད་སྒོ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་བྱེད་སྒོའི་ཕན་འབྲས་དེ་འགན་འཁྲི་སྒྲུབ་པའི་ཕན་འབྲས་སུ་འགྱུར་རྒྱུ་རེད། དེ་དང་ཆབས་ཅིག་གཙོ་རྒྱུན་སྨྱན་སྦྱོར་གྱི་ཚད་གཞི་མཐོ་བ་དང་། བླང་བྱ་ནན་པ།རྒྱུན་རྣམ་ཅན་བཅས་ལ་རང་འགུལ་ངང་དམིགས་ཏེ་ལས་སྒོའི་དངོས་སྦྱོང་དང་རྩལ་ནུས་ལ་དཔྱད་ཞིབ་བྱེད་པ་དང་ཉམས་སད་ཐེག་ཐུབ་པའི་སྨྱན་སྦྱོར་གྱི་དཔུང་ཁག་ནུས་ཤུགས་ཡོད་རྒུས་གཏོད་པ།འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་བརྟན་པོ་སྲུང་བ་བཅས་བྱས་ཏེ་ཉིང་ཁྲིའི་མཉམ་འདྲེས་སྨྱན་སྦྱོར་གྱི་དྲིལ་བསྒྲཊ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

查看本期全部内容