logo
查看本期全部内容

ཀྲུང་གོའི་བོད་ལྗོངས་“ཧི་མ་ལ་ཡ་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔའི་གྲ་སྒྲིག་ལས་དོན་ཁག་ཚང་མ་ལེགས་གྲུབ་ཟིན་ནས་ཚོགས་འདུ་གཟབ་རྒྱས་འགོ་ཚུགས་རྒྱུར་རེ་སྒུག་བྱེད་བཞིན་ཡོད།

林芝报-藏文版&nbsp&nbsp2026-07-17

འདི་ག་ཚགས་པར་ཁང་དུ་གནས་ཚུལ་སྤེལ་གསལ།ཟླ་7ཚེས་16ཉིན་སྐབས་ལྔ་པའི་ཀྲུང་གོའི་བོད་ཀྱི་“ཧི་མ་ལ་ཡ་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཉིང་ཁྲི་གྲོང་ཁྱེར་དུ་དངོས་སུ་འགོ་ཚུགས་པ་རེད། སྐབས་འདིའི་གླེང་སྟེགས་ཀྱིས་“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་འཕེལ་རྒྱས་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད”ལ་དམིགས་པ་དང་། “འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན”ལ་དམིགས་ཏེ་ཧི་མ་ལ་ཡ་སྐོར་བའི་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་ཡོད།ཚད་གཞི་དང་སྤུས་ཚད་མཐོ་བ།ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ད་ཐེངས་ཀྱི་ཚོགས་འདུ་གཟབ་རྒྱས་ངང་འཚོག་ཆེད།ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་བཀོད་སྒྲིག་དང་དོན་འཁྱོལ་ཞིབ་ཚགས་བྱས་ཤིང་།མིག་སྔར་ཚོགས་ར་བསྐྲུན་པ་མ་ཟད་བཟའ་བཅའི་བདེ་འཇགས་དང་སྨན་བཅོས་འགན་ལེན་སོགས་གྲ་སྒྲིག་ལས་དོན་ཁག་ཚང་མ་ལེགས་གྲུབ་ཟིན་ནས་ཚོགས་འདུ་གཟབ་རྒྱས་འགོ་ཚུགས་རྒྱུར་རེ་སྒུག་བྱེད་བཞིན་ཡོད། ཐེངས་འདིའི་གླེང་སྟེགས་ཀྱི་ཚོགས་ར་གཙོ་བོ་ནི་གཡོད་ཧོང་ཀོན་གསོལ་མགྲོན་ཁང་དུ་ཡིན་ཞིང་ཉིན་ཤས་བསྟུད་མར་ལས་དོན་མི་སྣས་ལས་ཡུན་དམ་འཛིན་གྱིས་མཇུག་བསྡུའི་ལས་རིམ་ཁག་ལེགས་གྲུབ་བྱུང་བ་མ་ཟད་ཚོན་དར་བཀོད་སྒྲིག་དང་། དྲིལ་བསྒྲགས་འགྲེམས་པང་སྒྲིག་སྦྱོར། དེ་བཞིན་གློག་འོད་སྒྲ་སྐྱེད་མ་ལག་ཚོད་ལྟ་སོགས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད།ད་ཆ་ཚོགས་ར་གཙོ་བོ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དེའི་ཐོག་ནས་གངས་ལྗོངས་ཀྱི་ཉིང་ཁྲི་འདི་ཉིད་སྒོ་དབྱེ་བསྟུན་མཁས་དང་།འབད་འབུངས་དང་དངོས་སྒྲུབ་ཡར་བརྩོན་བཅས་ཀྱི་གྲོང་ཁྱེར་གྱི་སྙིང་སྟོབས་དང་ས་མཐོའི་ཉམས་འགྱུར་གང་ལེགས་མངོན་ཡོད།ཡན་ལག་ཚོགས་ར་ཁག་ཚད་གཞི་མཐོ་ཞིང་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་བྱས་ཏེ་གླེང་སྟེགས་བདེ་བླག་ངང་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་མཐའ་འཁོར་ལས་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ་ལེ་ཧོན་གྱིས་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་ཚུན།ང་ཚོས་ཚོགས་འདུའི་ཚད་གཞིར་ཞིབ་བསྡུར་ནན་པོ་དང་ལས་འགན་གྱི་གསལ་ཐོ་ཞིབ་ཚགས་སུ་བཏང་བ་མ་ཟད་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་ཚོགས་རའི་སྒྲིག་བཀོད་དང་། སྒྲིག་ཆས་འཁོར་སྐྱོད།དེ་བཞིན་བརྒྱུད་རིམ་སྦྲེལ་མཐུད་དང་དངོས་རྫས་གསོག་འཇོག་སོགས་ཀྱི་ནང་དོན་ལ་རང་བཤེར་དག་ཐེར་དང་ལད་མོའི་ནང་སྦྱོང་ཐེངས་མང་བྱས་པ་ཡིན།ཚོགས་འདུའི་རིང་ང་ཚོས་ལས་དོན་ཁག་གི་ཞིབ་ཕྲའི་གནས་ཚུལ་ལ་མུ་མཐུད་དམ་པོར་དམིགས་ཏེ་ཚད་གཞི་མཐོ་བའི་ཞབས་ཞུས་ད་ཐེངས་གླེང་སྟེགས་ཀྱི་གྲོས་རིམ་ཁག་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་ཡོད། ཟས་རིགས་བདེ་འཇགས་ནི་འདུ་ཚོགས་གལ་ཆེན་ལ་འགན་སྲུང་གང་ལེགས་བྱེད་པ་ཞིག་ཡིན། ཉིན་ཤས་བསྟུད་མར་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་ས་ཁོངས་ཧྲིལ་པོའི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་གྲལ་བཤེར་བྱས་པ་མ་ཟད་ལས་དོན་མི་སྣས་གསོལ་མགྲོན་ཁང་གི་ཐབ་ཚང་དང་བཟའ་བཅའི་རྒྱུ་ཆའི་མཛོད་ཁང་སོགས་གཙོ་གནད་ས་ཁོངས་སུ་བསྐྱོད་དེ་བཟའ་བཅའི་རྒྱུ་ཆ་ཉར་ཚགས་ལས་སྣོན་དང་ཟ་སྣོད་འཐུང་ཆས་དུག་སེལ་སོགས་ལ་ཞིབ་བཤེར་ནན་པོ་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་ལས་སྒོའི་མཛུབ་ཁྲིད་བྱས་ནས་བཟའ་བཏུང་ཞབས་ཞུའི་བརྒྱུད་རིམ་ཚད་ལྡན་དུ་བཏང་བ་རེད།

གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་བཟའ་བཅའ་གཉེར་སྐྱོང་ལྟ་སྐུལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ཕུར་སྒྲོན་གྱིས་ད་ཐེངས་ཀྱི་བྱེད་སྒོ་ཆེ་གྲས་ཀྱི་བཟའ་བཅའི་བདེ་འཇགས་འགན་ལེན་ལས་དོན་ཡག་པོ་བསྒྲུབ་ཆེད།རང་ཅུད་ཀྱིས་འཕྲལ་མ་ཉིད་དུ་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པའི་ཆེད་དོན་འགན་ལེན་ཚོགས་ཆུང་བཙུགས་ནས་གནས་གཏན་འཁེལ་གྱི་གསོལ་མགྲོན་ཁང་ལྔ་དང་བཟའ་བཅའི་རྒྱུ་ཆ་མཁོ་འདོན་ཚོང་པར་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་གྲལ་བཤེར་བྱས་ཤིང་རིམ་རྩིས་བྱས་ན་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་15བཅོས་སྒྲིག་བྱེད་རིང་རང་ཅུསདཀྱིས་ཆེད་དོན་ལས་དོན་མི་སྣས་ས་ཚིགས་གཏན་འཁེལ་གྱི་ལས་རེས་བྱས་ཏེ་ད་ཐེངས་ཀྱི་བྱེད་སྒོའི་བཟའ་བཏུང་དང་བཟའ་བཅའི་བདེ་འཇགས་ལ་འགོག་སྲུང་བྱས་ཡོད་ཅེས་བཤད། དེ་དང་ཆབས་ཅིག་སྨན་བཅོས་འགན་ལེན་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་ཡོད།གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚོགས་འདུ་མ་འཚོག་གོང་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ལས་སྒོའི་གསོ་སྦྱོང་བྱས་པ་དང་འབྲེལ་སྣེ་ལེན་དང་མགྲོན་ཁང་།ཚོགས་རའི་སྤྱི་པའི་ས་ཁོངས་ཚང་མར་འཕྲོད་བསྟེན་སྤུས་ཚད་ཞིབ་དཔྱད་ཚད་ལེན་དང་དུག་སེལ་མཛུབ་ཁྲིད་བྱས་ཏེ་འཕྲོད་བསྟེན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཏན་ཏིག་ངང་བརྟན་དུ་བཏང་བ་རེད།

གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་རྒྱལ་གཅེས་འཕྲོད་བསྟེན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲང་ཨེན་ཐང་གིས་ང་ཚོས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་པ་དང་ཆབས་ཅིག་ཡན་ལག་ཚོགས་རའི་གསོལ་མགྲོན་ཁང་བཞིར་སྨན་བཅོས་ས་ཚིགས་དང་གསོ་རླུང་ཁང་བཙུགས་ནས་སྐུ་མགྲོན་ཚོར་སྨན་བཅོས་འགན་ལེན་གྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་ཆབས་ཅིག་ང་ཚོས་གསོལ་མགྲོན་ཁང་ལ་འཕྲོད་བསྟེན་ཞིབ་དཔྱད་ཚད་ལེན་གྱི་ཚོགས་འདུ་འཚོགས་པ་མ་ཟད་འགན་ལེན་ས་ཚིགས་ཁག་གི་སྨན་པ་ཆུ་ཚོད་24རིང་ལས་གནས་ཐོག་ཡོད་པས་དུས་དང་རྣམ་པ་ཀུན་ཏུ་སྐུ་མགྲོན་ཚོར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བརྗོད།

མིག་སྔར་གླེང་སྟེགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་།མི་སྣ་དང་དངོས་ཟོག་སོགས་འགན་ལེན་སྟོབས་ཤུགས་ཚང་མ་དམིགས་སར་འབྱོར་ཡོད།གོམ་སྟབས་རྗེས་མར་རང་གྲོང་ཁྱེར་གྱིས་ལས་ཀའི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་གླེང་སྟེགས་གཉེར་རིང་གི་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་སྐབས་ལྔ་པའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཕུན་སུམ་ཚོགས་པོའི་ངང་གཉེར་ནས་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་མིང་བྱང་གསར་པ་སྔར་བས་གཏོད་རྒྱུ་རེད།

བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་མཐའ་འཁོར་ལས་དོན་ཁྲུའི་ཁྲུའུ་ཀྲང་གཞོན།ལེ་ཧོང་གིས་ཐེངས་འདིའི་ཚོགས་འདུའི་ཐོག་ང་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་འཐུས་སྒོ་ཚང་བའི་ཞབས་ཞུས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་བསུ་བ་ཞུས་ནས་སྐབས་འདིའི་གླེང་སྟེགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད།

༡པར་རིས་འདི་ནི།འདི་ནི་ལས་དོན་མི་སྣས་ལས་ཆོད་དམ་འཛིན་གྱིས་དར་ཚོན་བཀོད་སྒྲིག་བྱས་པ་སོགས་ཀྱི་མཇུག་བསྡུའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ།

༢པར་རིས་འདི་ནི།འདི་ནི་ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་སྣེ་ལེན་གསོལ་མགྲོན་ཁང་གི་བཟའ་བཅའི་རྒྱུ་ཆའི་ཡོང་ཁུངས་དང་། གསོག་ཉར་ལས་སྣོན། གསོལ་ཆས་དུག་སེལ་སོགས་ཀྱི་འགག་རྩའི་བརྒྱུད་རིམ་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་པ།

查看本期全部内容