logo
查看本期全部内容

སྐབས་གཉིས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་63སྐོང་འཚོགས་གནང་བ།

林芝报-藏文版&nbsp&nbsp2026-07-14

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་7ཚེས་7ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།ལས་ཚབ་ཧྲི་ཀྲང་དབྱིན་ལི་ཧྥུང་གིས་སྐབས་གཉིས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་63པ་གཙོ་སྐྱོང་སྐོང་འཚོགས་གནང་ནས་《ཉིང་ཁྲི་གྲོང་ཁྱེར་གྱི་2026ལོའི་དབྱར་ཁའི་གུང་གསེང་རིང་གི་རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་ལག་བསྟར་ཇུས་གཞི》སོགས་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་པ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ཏེ་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།རྒྱུན་ལས་ཧྲི་ཀྲང་གཞོན་པ་ལིན་ཁོ་ཚུང་དང་། གྲོང་ཨུད་ཀྱི་རྒྱུན་ཨུ།རྒྱུན་ལས་ཧྲི་ཀྲང་གཞོན་པ་ལི་ཧྲི་ཅང་། ཧྲི་ཀྲང་གཞོན་པ་ཆིང་སུང་མའོ་དང་བློ་བཟང་འཇིགས་མེད།སྒྲོལ་དཀར།ལིའི་ཡོད།ཤའོ་ཧུད་པིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་དབྱར་ཁའི་གུང་གསེང་ནི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་“རྫོགས་ལྡན་དུས་སྐབས”ཤིག་རེད། རིག་གནས་ཡུལ་སྐོར་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ་ནི་དབྱར་ཁའི་གུང་གསེང་རིང་ཡུལ་སྐོར་དུ་ཡོང་མཁན་མང་བའི་དུས་ཚིགས་ལ་དམ་འཛིན་བྱས་ནས་ལོ་ཧྲིལ་པོའི་འཛད་སྤྱོད་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་འདིང་བའི་ཞིབ་ཕྲའི་དམ་འཛིན་བྱ་གཞི་ཞིག་ཡིན་ལ། རིག་གནས་ཡུལ་སྐོར་གྱི་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་ལག་ལེན་བསྟར་བ་དང་སྣོད་བཅུད་རིག་གནས་ཡུལ་སྐོར་དམིགས་ས་གལ་ཆེན་སྐྲུན་མགྱོཊ་སུ་གཏོང་བའི་གྲ་སྒྲིག་དམག་སྦྱོང་ཞིག་ཀྱང་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་། ཚུགས་གནས་མཐོ་རུ་གཏོང་བ། གོ་སྐབས་གལ་ཆེན་ལ་དམ་འཛིན་བཅས་བྱས་ཏེ་ཁྱད་ལྡན་ཅན་དང་། བརྗོད་དོན་གཙོ་བོ་ཅན། རྩེར་སོན་ཅན་བཅས་ཀྱི་དབྱར་ཁའི་གུང་གསེང་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཁག་གཅིག་ཧུར་ཐག་སྤེལ་དགོས། དབྱར་ཁའི་གུང་གསེང་རིང་གི་རིག་གནས་ཡུལ་སྐོར་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་འཕེལ་ཕྱོགས་གསར་པར་དབྱེ་ཞིབ་དང་སྟངས་འཛིན་གཏིང་ཟབ་བྱས་ཏེ་“མགྱོགས་པོ”ཡོང་རྒྱུར་ཤུགས་སྣོན་རྒྱག་པ་དང་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱེད་པ། འཛད་སྤྱོད་ཀྱི་མཐོ་རླབས་གཏོད་པ། འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས་དེ་འཛད་སྤྱོད་འཕར་བའི་སྒུལ་ཤུགས་སུ་ཏན་ཏིག་འགྱུར་བ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། ལས་ཀའི་ཆེད་དོན་ཚན་ཁག་གི་ནུས་པ་འདོན་སྤེལ་བྱེད་པ། ལྷུ་ཚིགས་ཁག་སྦྲེལ་མཐུད་གོ་རིམ་ལྡན་པ་དང་ནུས་ཆེའི་ངང་སྐུལ་འདེད་གཏོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དམ་འཛིན་ཞིབ་ཕྲ་བཅས་བྱེད་དགོས། དྲིལ་བསྒྲགས་དང་འོས་སྦྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་སྤྱི་ཡོངས་མཉམ་འགུལ་དང་མཐུན་སྦྱོར་ཤུགས་འདོན་བྱས་ནས་ཉིང་ཁྲིའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ཡིད་དབང་འགུག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། གནད་སྨིན་ནང་འདྲེན་དང་ཡུལ་སྐོར་བ་ཉིང་ཁྲིར་འདྲེན་པ། ཡུལ་སྐོར་བ་དེ་བས་མང་བ་ཉིང་ཁྲིར་ཡོང་རྒྱུའི་ཡིད་དབང་འགུག་པ་བཅས་བྱས་ནས་འཛད་སྤྱོད་ཀྱི་གོ་སྐབས་དེ་བས་མང་བ་གཏོད་དེ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་དེ་བས་ཆེ་བ་འདོན་དགོས་ཞེས་སྟོན་ཡོད།

ཚོགས་འདུའི་ཐོག་རིག་དངོས་སྲུང་སྐྱོབ་ཀྱི་འགན་འཁྲི་ལྕི་བས། གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་དང་འབྲེལ་ཡོད་སྡེ་ཚན་གྱིས་“སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ། རིན་ཐང་སྔོག་འདོན་བྱེད་པ། བེད་སྤྱོད་ནུས་ལྡན་བྱེད་པ། རིག་དངོས་གསོན་ཤུགས་འཕེལ་བ་བྱེད་པ”བཅས་ཀྱི་དུས་རབས་གསར་པའི་རིག་དངོས་ལས་དོན་གྱི་བྱེད་ཕྱོགས་དོན་འཁྱོལ་ནན་པོ་བྱས་ཏེ་རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་དངོས་བདེ་འཇགས་ཀྱི་དོགས་ཟོན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རིག་དངོས་སྲུང་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། རིག་དངོས་ཀྱི་རིན་ཐང་སྔོག་འདོན་དང་གཟུགས་བརྙན་འགྲེམས་སྟོན་ཡག་པོ་བྱས་ནས་རིག་དངོས་གསོན་འགྱུར་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ཉིང་ཁྲིའི་རིག་དངོས་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། དཔལ་འབྱོར་ཚེ་རིང་གིས་སྒྱུར།

查看本期全部内容