logo
查看本期全部内容

ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འབྲུབ་འགོག་དང་མཚོ་ལྷགས་འགོག་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ།

林芝报-藏文版&nbsp&nbsp2026-07-14

ཉེ་དུས་མཚོ་ལྷགས“མེ་ཧྲ་ཁེ”ཡི་རྐྱེན་པས་ཀོང་ཤིས་ཀྱི་ས་ཆ་མང་པོར་ཆུ་ལོག་གི་གནས་ཚུལ་ཐོན་ཡོད། ཀོང་ཤིས་ཀྱི་ཀུའེ་ཀང་གྲོང་ཁྱེར་ཤིས་ཅང་སློབ་གསོ་གླིང་གི་ཐོག་བརྩེགས་ཁང་པ་ཁག་གཅིག་གི་ཐོག་སོ་དམའ་ཁུལ་ཆུས་བསྣུབས་ཏེ་དགེ་སློབ་ཁྲི་1.2ལྷག་ཙམ་ཉེན་ཁའི་གནས་སུ་གྱར་ཡོད།

མིག་སྔར་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གེགས་འགོག་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཡོད།

འདི་ནི་ཟླ་7ཚེས་9ཉིན་རོགས་སྐྱོབ་རུ་ཁག་གིས་སྒུལ་ཤུགས་གྲུ་ཟམ་ཆེ་གྲས་མགྱོགས་མྱུར་བཏང་ནས་སློབ་གསོ་གླིང་གི་ཉེན་གྱར་དགེ་སློབ་ཡོངས་བདེ་འཇགས་ལྡན་པའི་ས་ཆར་གནས་སྤོ་བཞིན་པ།

དཔལ་འབྱོར་ཚེ་རིང་གིས་སྒྱུར།

查看本期全部内容