logo
查看本期全部内容

༄༅། དྭགས་ཀོང་གིས་གནང་བའི་ལེགས་སྐྱེས།

ཁ་བའི་སྦྲ་སྲས།

林芝报-藏文版&nbsp&nbsp2026-07-14

ཐོག་མར། དྭགས་ཀོང་ན།

ཤུར་ཤུར་དུ་ལྡང་བའི་ལྷགས་རླུང་གི་རལ་གྲི་དེས།

ཁྲ་ཆིལ་ཆིལ་དུ་བཞད་ཁ་ཕྱེས་པའི་མེ་ཏོག་གི་ཕྲ་ཀོང་དག་བཅོམ་དུས།

ངའི་དྲན་ངོགས་སུ་མེ་ཏོག་དེ་དག་ནམ་མཁའི་རུ་དར་ལྟར་གྱི་མཛེས་སྡུག་ཅིག་མཐོང་།

བར་དུ། དྭགས་ཀོང་ན།

དབྱར་དགུན་སྟོན་དཔྱིད་ཀྱི་སྐྱེ་བའི་ཕྲེང་བརྒྱུད་ལས།

སྔོན་པོ་ནི་སེར་པོ་དང་། སེར་པོ་ནི་སྐྱ་བོ།

སྐྱ་བོ་ནས་སླར་ཡང་སྔོ་ལྗང་དུ་གྱུར་བའི་ནམ་ཟླའི་རྣམ་བཞག་ཅིག་ལྡན་དུས།

ངའི་སེམས་སུ་རི་ཆུ་ཀླུང་གསུམ་གྱི་རྣམ་ཤེས་སྒུལ་མཁན་ཡོད་དེ་ཚོར།

མཐའ་མར། དྭགས་ཀོང་ན།

བཀླགས་མི་ཚར་བའི་གཏམ་རྒྱུད་རིང་མོ་དེའི་ཕང་བར།

བྲིས་མ་ཚར་བའི་སྙན་ངག་རིང་མོ་ཞིག་གི་ཡིག་འབྲུ་འགའ་འདུག་པས།

ངའི་ལང་ཚོར་དྭགས་ཀོང་གིས་གནང་བའི་ལེགས་སྐྱེས་ཉག་གཅིག་ཡོད་པ་ཤེས།

查看本期全部内容